| e-texts navigator |
| Wylie |
234a1 ཀྱང་གྱི་བྱའོ།། སུ་ཐམས་ཅད་ཀྱང་མཁྱེན་པའི་ཡེ་ཤེས་དང་། རྣམ་པར་དག་པའི་ཡེ་ཤེས་དང་། བསམ་གྱིས་མྱི་ཁྱབ་པའི་ཡེ་ཤེས་དང་། མཚུངས་པ་མྱེད་པའི་ཡེ་ཤེས་དང་། ཡང་དག་པར་རྫོགས་པའི
234a2 སངས་རྒྱས་ཀྱི་ཡེ་ཤེས་མངོན་པར་བསྒྲུབ་པར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མྱི་འཆབ་པར་བྱའོ།། ཕྱིན་ཅད་ཀྱང་མྱི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་དེ་བཞིན་གཤེགས
234a3 པས་ཆོས་ཐམས་ཅད་ནི་རྟེནད་ཅིང་འབྲེལ་པར་འབྱུང་བའོ་ཞེས་གསུངས་པའི་ཕྱིར་ཏེ། རྒྱུ་དང་རྐྱེནད་གཞན་གིས་གཞན་སྐྱེའོ་གཞན་འགག་གོ།། དེ་ལ་འདས་པའི་ཆོས་དེ་དག་ནི་འགག་པ་ཟད་པ་དང་བྲལ་བ། རྣམ་པར་གྱུར་པ་སྟེ།
234a4 དེ་དག་ལ་འང་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་བྱེད་དོ།། ད་ལྟ་ན་འདུ་བྱེད་པ་གང་ཡིན་པ་རྣམས་ཀྱང་མྱེད་པ་ལས་བྱུང་བ་སྟེ། དེ་དག་ལ་ཡང་ལས་ཀྱི་སྒྲིབ་པ་ཅུང་ཟད་ཀྱང་མྱེད་དོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་དེ་བཞིན་གཤེགས
234a5 པས་ཆོས་ཐམས་ཅད་ནི་སྟོང་པ་སྟེ། སེམས་ཅན་མྱེད་པ། སྲོག་མྱེད།། པ། གང་ཟག་མྱེད་པ། མ་སྐྱེས་པ། མ་འགགས་པ། འདུས་མ། བྱས་པའོ་ཞེས་གསུངས་པའི་ཕྱིར་རོ།། ཤ་རིའི་བུ་ཆོས་ཐམས་ཅད
234a6 བདག་ལས་བྱུང་ཡང་བདག་ཡོད་པ་མ་ཡིན་ནོ།། ཤ་རིའི་བུ་རིགས་ཀྱེ་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་འདི་ལྟ་སྟེ། སེམས་ཅན་མྱེད་པའི་མཐའི་ཆོས་མཐའི་ཆོས་ཀྱི་ཚུལ་འདི་ལ་འཇུག་པ་འདི་ནི། ལས
234a7 ཀྱི་སྒྲིབ་པ་རྒྱུན་གཅོད་པ་ཞེས་བྱ་སྟེ། ཤ་རིའི་བུ་འདི་ནི་སོ་སོར་བཤགས་པའོ།། དེ་ནས་བཅོམ་ལྡན་འདས་ལ་ཚེ་དང་ལྡན་པ་ཤ་རིའི་བུས་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉན་ཐོས་ཀྱི
234a8 ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མྱེད་པ་ཡང་དག་པར
234a9 རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་པས། ཇི་ལྟར་དགེ་བའི་རྩ་བ་རྣམས་ལ་རྗེས་ཡི་རང་བར་བགྱི། དེ་སྐད་ཅེས་གསོལ་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ་འདི་སྐད་ཅེས