| e-texts navigator |
| Wylie |
233b1 བྱའོ།། མྱི་འཆབ་པར་བྱའོ།། ཕྱིན་ཅད་ཀྱང་མྱིའོ།། སུ་སུམ་བཅུ་རྩ་གསུམ་གྱི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་། མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་། འདི་བཞིན་ཏུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།།
233b2 མྱི་འཆབ་པར་བྱའོ།། ཕྱིན་ཅད་ཀྱང་མྱི་བྱའོ།། དེ་བཞིན་དུ་སུ་འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ་དང་། གཞན་འཕྲུལ་དབང་བྱེད་དང་། ཚངས་རིས་དང་། ཚངས་པའི་འདུན་ན་འདོན་དང་། ཚངས་འཁོར་དང་།
233b3 ཚངས་ཆེན་དང་། འོད་ཆུང་དང་། ཚད་མྱེད་འོད་དང་། འོད་གསལ་དང་། དགེ་ཆུང་དང་། ཚད་མྱེད་དགེ་བ་དང་། དགེ་རྒྱས་དང་། སྤྲིན་མྱེད་དང་། བསོད་ནམས་སྐྱེས་དང་། འབྲས་བུ་ཆེ་དང་། སེམས་ཅན་འདུ་ཤེས་མྱེད་པ་དང་།
233b4 གྱ་ནོམ་སྣང་བ་དང་། ཤི་ནད་ཏུ་མཐོང་བ་དང་། མྱི་ཆེ་བ་དང་། མྱི་གདུང་བ་དང་། འོག་མྱིན་ཀི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་། མཆུདེངས་པར་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམ
233b5 སོ་སོར་བཤགས་པར་བྱའོ།། མྱི་འཆབ་པར་བྱའོ།། ཕྱིན་ཅད་ཀྱང་མྱི་བྱའོ།། སུ་གཟུགས་མྱེད་པ་ནམ་མཁའ་མཐའ་ཡས་སྐྱེ་མ། ད་དུ་ཉེ་བར་འགྲོ་བ་རྣམས་དང་། རྣམ་ཤེས་མཐའ་ཡས་སྐྱེ་ས་ཆེན
233b6 དང་ཅི་ཡ་བྱེད་ནི་སྐྱེ་མཆེད་བྱེསྐྱེ་འང་འགྲེ་མ་ནས་དང་། འདུ་ཤེས་མྱེད་འདུ་ཤེས་མྱེད་མྱིན་སྐྱེ་མཆེད་དུ་ཉེ་བར་འགྲོ་བའི་ལྷ་རྣམས་ཀྱི་། བརྟུལ་ཞུགས་དང་། མཚུངས་པར་སྐྱེ་བར་འདོད་པ་དེས་ཀྱང་འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར
233b7 བྱའོ།། མྱི་འཆབ་པར་བྱའོ།། ཕྱིན་ཅད་ཀྱང་མྱི་བྱའོ།། སུ་རྒྱུན་ཏུ་ཞུགས་པའི་འབྲས་བུ་དང་། ལན་ཅིག་ཕྱིར་འོང་བའི་འབྲས་བུ་དང་། ཕྱིར་མྱི་འོང་བའི་འབྲས་བུ་དང་། དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱེད་པར་འདོད་པ་དེས་ཀྱང
233b8 འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མྱི་བཅབ་པར་བྱའོ།། ཕྱིནད་ཅད་ཀྱང་མྱི་བྱའོ།། སུ་རིག་པ་གསུམ་འམ། མངོན་པར་ཤེས་པ་དྲུག་གམ། སྟོབས་རྣམས་སམ། དབང་རྣམས་སམ། ཉན
233b9 ཐོས་ཀྱི་ཕ་རོལ་ཏུ་ཕྱིནད་པ་འམ། ཉན་ཐོས་དབང་ཆེ་བར་གྲགས། རང་བྱང་ཆུབ་མངོན་སུམ་ཏུ་བྱེད་པར་འདོད་པ་དེས་ཀྱང་། འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མྱི་བཅབ་པར་བྱའོ།། ཕྱིན་ཅད