| e-texts navigator |
| Wylie |
233a1 པ་དེ་བཞིན་དུ་བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས། སོ་སོར་འཆགས་སོ།། འཐོལ་ལོ།། མྱི་འཆབ་བོ།། སླན་ཅད་མྱི་བགྱིད་དོ།། ཇི་ལྟར་ད་ལྟར་ཕྱོགས་བཅུའི་འཇིག་རྟེན་ན། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན
233a2 བ། པོ་དག་བྱང་ཆུབ་ཀྱི་ཕྱིར་གྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པ་དང་། མྱི་འཆབ་པ་དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ།། འཐོལ་ལོ།། མྱི་འཆབ་པོ། སླན་ཅད་མྱི་བགྱིད་དོ།། ཇི་ལྟར
233a3 འདས་པ་དང་། མ་འོངས་པ་དང་། ད་ལྟར་བྱུང་བའི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམ་པ་སོ་སོར་བཤགས་པ་དང་། སོ་སོར་འཆགས་པར་འགྱུར་བ
233a4 དེ་བཞིན་དུ། བདག་ཀྱང་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་སོ།། འཐོལ་ལོ།། མྱི་འཆབ་བོ། སླན་ཅད་མྱི་བགྱིད་དོ་ཞེས་བརྗོད་པར་བྱའོ།། ཤ་རིའི་བུ་དེ་བས་ན་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཆོས་ཐོས
233a5 ཅད་ལ་སྒྲིབ་པ་མྱེད་པ་རྣམ་པར་དག་པ་འཐོབ་པར་འདོད་པས་འདི། བཞིན་དུ་ལས་ཀྱི་སྒྲིབ་རྣམས་སོ་སོར་བཤགས་པར་བྱའོ།། མྱི་འཆ། པ་པར་བྱའོ།། ཕྱིན་ཅད་ཀྱང་མྱི་བྱའོ།། སུ་རྒྱལ་རིགས་ཀྱི་རིགས
233a6 ཤིབས་ལ་ཆེན་པོ་ལྟ་བུ་ཕྱུག་པ། ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ས་ལེ་སྦྲམ་དང་། ནོར་དང་། ཡོ་བྱད་མང་བ། ཤིན་ཏུ་སྐྱིད་པ། ཞོན་པ་ཆེན་པོ་ལ་ཞོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་པ་དེས་ཀྱང
233a7 འདི་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར་བྱའོ།། མྱི་འཆབ་པར་བྱའོ།། ཕྱིན་ཅད་ཀྱང་མྱི་བྱའོ།། སུ་བྲམ་ཟེའི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་རྣམས་དང་། ཁྱིམ་བདག་གི་རིགས་ཤིང་ས་ལ་ཆེན་པོ་ལྟ་བུ་ཕྱུག་པ།
233a8 ནོར་ཆེ་བ། ལོངས་སྤྱོད་ཆེ་བ། ས་ལེ་སྦྲམ་དང་། ནོར་དང་། ཡོ་བྱད་མང་བ། ཤིན་ཏུ་སྤྱོད་པ། བཞོན་པ་ཆེན་པོ་ལ་ཞོན་པ་རྣམས་ཀྱི་ནང་དུ་སྐྱེ་བར་འདོད་པ་དེས་ཀྱང་དེ་བཞིན་དུ་ལས་ཀྱི་སློབ་པ་རྣམས་སོ་སོར་བཤགས་པ
233a9 བྱའོ།། མྱི་འཆབ་པར་བྱའོ།། ཕྱིན་ཆད་ཀྱང་མྱི་བྱའོ།། སུ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་རྣམས་ཀྱི་བརྟུལ་ཞུགས་དང་། མཚུངས་པར་སྐྱེ་བོར་འདོད་པ་དེས་ཀྱང་དེ་བཞིན་དུ་ལས་ཀྱི་སྒྲིབ་པ་རྣམས་སོ་སོར་བཤགས་པར