| e-texts navigator |
| Wylie |
232b1 གྱི་བསྒོ་བ་མཉན་པ་དང་། ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། དེ་ལས་གཞན་པའི་སེས
232b2 ཅན་རྣམས་ལ་མྱི་སྙན་པར་བགྱིས་པ་དང་། མྱོས་པ་དང་བརྡེགས་པ་དང་། དེ་དག་ལ་ཟ་བ་དང་། ཞེ་སྡང་བསྐྱེད་པ་དང་། ཕྲག་དོག་དང་། སེར་སྣ་ལས་བྱུང་བའི་སེམས་ཀྱིས་སངས་རྒྱས་བཅོམ་ལྡན་འདས་རྣམས་ལ་ཚིག་རྩུབ
232b3 པོ་སྨྲས་པ་དང་། ཆོས་ལ་ཆོས་མ་ལགས་ཞེས་བགྱིས་པ་དང་། ཆོས་མ་ལགས་པ་ལ་ཆོས་ལགས་ཞེས་བགྱིས་པ་དེ་དག་སངས་རྒྱས་བཅོམ་ལྡན་འདས་མཕྱེནད་པར་གྱུར་པ། སྤྱན་ཏུ་གྱུར་པ། དབང་དུ་གྱུར་པ། ཚད
232b4 མར་གྱུར་པ། མཁྱེནད་པ་དང་ལྡན་པ། གཟིགས་པ་དང་ལྡན་པ། དེ་དག་གི་སྤྱན་སྔར་འཆགས་སོ།། འཐོལ་ལོ།། མྱི་འཆབ་བོ།། སླན་ཆད་ཀྱི་བགྱིད་དོ།། བདག་ལས་ཀྱི་སྒྲིབ་པ་གང་གིས་བསྒྲིབས་ཏེ། སེམས་ཅན
232b5 དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། ཡི་དགས་ཀྱི་ཡུལ་དང་།། ལྷ་མ་ཡིན་ཚོགས་ཀྱི་ནང་དུ་མཆི་བར་འགྱུར་བ་དང་སངས་རྒྱས་དང་།། ཆོས་དང་། དགེ་འདུན་མཉེས་པར་བགྱིད་པར་མྱི་འགྱུར་བ་དང་། མྱི
232b6 ཁོམ་པ་རྣམས་སུ་སྐྱེ་བར་འགྱུར་བའི་ལས་དེ་ལུས་འདི་ཉིད་ལ་རྣམ་པར་སྦྱིནད་ཏེ། གཞན་དུ་མྱི་མྱོང་བར་ཤོག་ཤིག། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་མཁྱེནད་པར་གྱུར་ད་པ།། སྤྱན་དུ་གྱུར་པ། དབང
232b7 ཏུ་གྱུར་པ། ཚད་མར་གྱུར་པ། མཁྱེན་པ་དང་ལྡན་པ། གཟིགས་པ་དང་ལྡན་པ། དེ་དག་གི་སྤྱན་སྔར་སོ་སོར་འཆགས་སོ།། འཐོལ་ལོ། མྱི་འཆབ་བོ།། སླན་ཅད་མྱི་བགྱིད་དོ།། ཇི་ལྟར་སྔོན་གི་བྱང་ཆུབ་སེམས
232b8 དཔའ་སེམས་དཔའ་ཆེན་པོ་དེ་དག་སྔོན་བྱང་ཆུབ་ཀྱི་ཕྱིར་ཁྱོད་པ་ན། ལས་ཀྱི་སློབ་པ་རྣམས་བཤགས་པ་དང་། མ་བཅབས་པ་དེ་བཞིན་དུ་བདག་ཀྱང་ལས་ཀྱི་སློབ་པ་རྣམས་སོ་སོར་འཆགས་སོ།། འབོལ་ལོ།། མྱི་འཆབ་བོ།། སྲན
232b9 ཅད་མྱི་བགྱིད་དོ།། ཇི་ལྟར་མ་འོངས་པའི་དུས་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་བྱང་ཆུབ་སེམས་དཔའི་སྤྱད་པ་སྤྱོད་པ་ན། ལས་ཀྱི་སྒྲིབ་པ་རྣམས་སོ་སོར་འཆགས་པར་འགྱུར་བ་དང་། མྱི་འཆབ་པར་འགྱུར