e-texts navigator
Collection
Volume
Page
Wylie

232a1 ཆོས་ཀྱི་ཚུལ་ལ་རབ་ཏུ་འཛིནད་པ། ཆོས་ཀྱི་སྦྱིན་པ་མཛད་པ། ཆོས་ཀྱི་སྨོན་མ་འབར་པར་མཛད་པ། ཆོས་ཀྱི་དདྲ་འབེབས་པ། ཆོས་ཀྱི་ཕར་བ་རུང་བ། ཆོས་ཀྱི་རི་པོ་མི་རབ་ཏུ་ཆུ་བ། རོས་ཀྱི་རུང་ངམ།
232a2 ཏུ་འབུད་པ། ཆོས་ཀྱི་སྲོག་ཤིང་རབ་ཏུ་བསྒྲེང་བ། སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པས་ཚིམ་པར་མཛད་པ། ཉམ་བག་ཏུ་སྤྱོད་དུ་འཛུད་པའི་སངས་རྒྱས་བཅོམ་ལྡན་འདས་དེ་དག་ལ་ཕྱག་འཚལ་ལོ།། སངས་རྒྱས་བཅོམ
232a3 ལྡན་འདས་མཆོད་པའི་གནས། ཕྱག་བགྱི་བའི་གནས། རི་མོ་བགྱི་བའི་གནས། མཁྱེནད་པར་གྱུར་ད་པ། སྱན་དུ་གྱུརྡ་པ། དབང་དུ་གྱུར་པ། ཚད་མར་གྱུར་ད་པ། མཁྱེནད་པ་དང་ལྡན་པ། གཟིགས་པ་དང་ལྡན་པ།
232a4 དེ་དག་ལ་བདག་མགོ་དང་ངག་དང་ཡིད་ཀྱིས་ཕྱག་འཚལ་ལོ།། ཐོག་དམ་དང་ཐ་མ་མཆིས་པའི་པའི་འཁོར་བ་ན་འཁོར་བའི་ཚེ། བདག་འདོད་ཆགས་ཀྱིས་གཟི་རེད་པ་འམ། ཞེ་སྡང་གིས་གཟི་རེད་པ་འམ།
232a5 གཏི་མུག་གིས་གཟིརེད་པའི་ལུས་དང་ངག་དང་། ཡིད་ཀྱི་ལས། ཀྱི་སྒྲིབ་པ་གང་མངོན་པར་འདུས་བགྱིས་པ། སངས་རྒྱས་སུ་མ་འཚལ་ད་པ་དང་། ཆོས་སུ་མ་འཚལ་པ་དང་། དགེ་འདུན་དུ་མ
232a6 འཚལ་པ་དང་། དགེ་བ་དང་མྱི་དགེ་བར་མ་འཚལ་པ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས་ཁྲག་བྱུང་བ་དང་། ཆོས་སྤངས་པ་དང་། དགེ་བའི་དབེན་བགྱིས་པ་དང་། དགེ་སློང་དགྲ་བཅོམ་པ་བཀུམ
232a7 པ་དང་། ཕ་མ་བཀུམ་པ་དང་། ལུས་ཀྱི་གནས་གསུམ་ངག་གི་རྣམ་བཞི། ཡིད་ཀྱི་རྣམ་གསུམ་སྟེ། མྱི་དགེ་བ་བཅུའི་ལས་ཀྱི་ལས་བགྱིས་པ་དང་། བགྱིད་དུ་གསལྡ་པ་དང་། བགྱིད་པ་ལ་རྗེས་སུ་ཡི་རང་པ་དང་། སེམས་ཅན
232a8 ཁ་ཅིག་ལ་ངག་རྩུབ་པོ་སྨྲས་པ་དང་། བསྐུར་བ་བཏབ་པ་དང་། སྲང་ལ་གཡོ་བགྱིས་པ་དང་། གཞལ་བ་ལ་གཡོ་བགྱིས་པ་དང་། འགྲོ་བ་དྲུག་ཏུ་འཁོར་བར་འཁོར་བ་ན། ཕ་མ་མྱི་དགའ་བར་བགྱིས་པ་དང་། གང་ཟག་གྱི་ལཾ།
232a9 མཆོད་རྟེན་གྱི་འམ། དགེ་འདུན་གྱི་འམ། ཕྱོགས་བཞིའི་དགེ་སློང་གི་དགེ་འདུན་གྱི་ནོར་བརྐུས་པ་འམ། ཇི་ལྟར་བསླབ་པའི་གཞི་བཅས་པ་རྣམས་ཀྱི་འདུལ་བ་དང་། འགལ་བ་བགྱིས་པ་དང་། མཁན་པོ་དང་། སློབ་དཔོན




iiif viewer powered by OpenSeadragon

231b - 232b

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo