e-texts navigator
Collection
Volume
Page
Wylie

231b1 བཅོམ་ལྡན་འདས་མཉན་ཡོད་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མྱེད་ཟས་སྦྱིན་གི་ཀུན་དགའ་ར་བ་ན། དགེ་སློང་སྟོང་ཉིས་བརྒྱ་ལྔ་བཅུའི་དགེ་སློང་གི་དགེ་འདུན་ཆེན་པོ་དང་། བྱང་ཆུབ་སེམས་དཔའ་བདྡྷཱན་ཁྲི་དང་ཐབས་གཅིག་ཏུ
231b2 བཞུགས་ཏེ།། དེ་ནས་སངས་རྒྱས་ཀྱི་མཐུས་ཚེ་དང་ལྡན་པ་ཤ་རིའི་བུ་སྟན་ལས་ལངས་ནས། བླ་གོས་ཕྲག་པ་གཅིག་ཏུ་བཟར་ནས། པུས་མོ་གཡས་པའི་ལྷ་བས་ལ་བཙུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེ་ལོགས་སུ་ཡལ་མོ
231b3 སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ད་ཏོ།། བཅོམ་ལྡན་འདས་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས
231b4 པ་འམ། ཐེག་པ་ཆེན་པོ་ལ་ཡང་དག་པར་ཞུགས་པ་འམ། སེཾས་ཅན་གཞན་དག་ཀྱང་རུང་སྟེ། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འཚལ་བས། ལས་ཀྱི
231b5 སྒྲིབ་པ་རྣམས་ཇི་ལྟར་སོ་སོར་བཤགས་པར་བགྱི། དེ་སྐད་ཅེས་ག་སོ་ལད་པ་དང་། བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཤ་རིའི་བུ་ལ། འདི་སྐད་ཅེས་བཀའ་སྩལ་ད་ཏོ།། ཤ་རིའི་བུ་འདི་རིགས་ཀྱི་བུ་འམ
231b6 རིགས་ཀྱི་བུ་མོ་ཉན་ཐོས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། རང་སངས་རྒྱས་ཀྱི་ཐེག་པ་ལ་ཡང་དག་པར་ཞུགས་པ་འམ། ཟག་པ་ཆེན་པོ་ལ་ཡང་དགེ་པར་ཞུགས་པ་འམ། སེམས་ཅན་གཞན་དག་ཀྱང་རུང་སྟེ།
231b7 བྲ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་འཚང་རྒྱ་བར་འདོད་པས། ཉིན་ལན་གསུམ་མཚན་ལན་གསུམ་ཅུ། ཐ་གོས་ཕྲག་པ་གཅིག་བས་རང་ལ་པུས་མོ་གཡས་པའི་ལྷང་ས་ལ་བཙུགས་ཏེ། ཕལ་མོ་སྦྱར
231b8 ནས་ཚིག་འདི་སྐད་དུ་སྐྱེ་བོ་མང་པོ་ལ་སྨ་པ་དང་། སྐྱེ་བོ་མང་པོ་ལ་བདེ་བ་དང་། འཇིག་རྟེན་ལ་ཐུགས་རྩེ་བ་དང་། སྐྱེ་བོ་ཕལ་པོ་ཆེ་དང་། ལྷ་དང་ཕྱི་རྣམས་ཀྱི་དོན་དང་། སྨནད་པ་དང་བདེ་བའི་སླད་དུ་སངས་རྒྱས་བཅོམ་ལྡན
231b9 འདས་གང་དག་ད་ལྟ་ན། ཕྱོགས་བཅུའི་འཇིག་རྟེན་ན། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བ། ཆོས་ཀྱི་འཁོར་ལོ་རབ་ཏུ་བསྟོནད་པ




iiif viewer powered by OpenSeadragon

231a - 232a

Texts on this page

Ng15.10 - 'phags pa las kyi sgrib pa rgyun gcod pa zhes bya ba theg pa chen po'i mdo