| e-texts navigator |
| Wylie |
230a1 གང་ལུས་ཀྱིས་ལེགས་པར་སྤྱད་པ་སྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས། རྒྱུ་དེང་རྐྱེ་ནད་དེས་ལུས་ཞིག་ནས་ཤི་ཕན་ཆད་ངན་སོང་ངན་འགྲོ་རྣམ་པར་ལྟུང་བ་སེམས་ཅན་དམྱལ་བ་དག་གི་ནང་དུ
230a2 སྐྱེ་བར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། གང་ལུས་ཀྱིས་ལེགས་པར་ཁྱད་པ་སྤྱད། ངག་དང་ཡིད་ཀྱིས་ལེགས་པར་སྤྱད་པ་སྤྱད་ནས། རྒྱུ་དེ་དང་རྐྱེནད་དེས་ལུས་ཞིག་ནས་བདེ་འགྲོ་མཐོ་རིས་ཀྱི་འཇིག
230a3 རྟེན་ལྷ་རྣམས་ཀྱི་ནང་དུ་སྐྱེ་བ་ཅུལ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་ནི། ཡང་དག་པར་རྫོགས་པའི་སངས་རྒྱས་གཉིས་འཇིག་རྟེནད་དུ་གང་སྔ་ཕྱི་མྱེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག
230a4 འབྱུང་བ་འདི་ནི་གནས་ཡིན་ནོ།། གནས་མ་ཡིན་ཞིང་ཀོ་སྐབས་མྱེད་པ་ནི། འཁོར་ལོས་སྒྱུར་བ་གཉིས་འཇིག་རྟེན་དུ་གང་སྔ་ཕྱི་མྱེད་པར་འབྱུང་བ་འདི་ནི་གནས་མ་ཡིན་ཏེ། གང་གཅིག་འབྱུང་བ་འདི་ནི་གནས་ཡིན་ནོ།། །
230a5 གནས་པ་ཡིན་ཞིང་གོ་སྐབས་མྱེད་པ་ནི། གང་བུད་མྱེད་འཁོར་ལོས་སྒྱུ།། ར་བའི་རྒྱལ་སྲིད་དང་། བརྒྱ་བྱིན་ཉིད་དང་ཚངས་པ་ཉིད་དང་། བདུད།། ཉིད་བྱེད་པར་འགྱུར་བ་དང་། རང་བྱང་ཆུབ་ཏུ་མངོན་ཏུ་བྱེད་པར་འགྱུར།
230a6 པ་དང་། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་བ་འདི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སྐྱེས་པ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ།
230a7 སྐབས་མྱེད་པ་ནི། གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་ཕ་དང་མ་དང་དགྲ་བཅོམ་པ་གསོད་པར་འགྱུར་བ་དང་། དགེ་འདུན་གི་དབྱེན་བྱེད་པར་འགྱུར་བ་དང་། དེ་བཞིན་གཤེགས་པ་ལ་ངན་སེམས་ཀྱིས།
230a8 ཁྲག་འབྱིན་པར་འགྱུར་བ་འདི་ནི་གནས་མ་ཡིན་ནོ།། འདི་ནི་གནས་ཡིན་ཏེ། སོ་སོའི་སྐྱེ་བོ་གང་ཡིན་པའོ།། གནས་མ་ཡིན་ཞིང་གོ་སྐབས་མྱེད་པ་ནི། གང་ལྟ་བ་ཕུན་སུམ་ཚོགས་པའི་གང་ཟག་བསམས་བཞིན་དུ་སྲོག་ཆགས
230a9 ཀྱི་སྲོག་གཅོད་པར་འགྱུར་བ་དང་། བསླབ་པ་བཏང་ནས་ཉམས་པ་ལ་འཇུག་པར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་ཡོན་གནས་སུ་ཚོལ་བར་འགྱུར་བ་དང་། འདི་ལས་ཕྱི་རོལ་པ་གཞན་དག་ལ་སྟོནད་པར་ལྟ