| e-texts navigator |
| Wylie |
227b1 པ་གང་དག་བྱུང་ཞིང་སྐྱེ་བར་འགྱུར་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེ་བར་འགྱུར་གི། མཁས་པ་ལས་ནི་མ་ཡིན་ནོ།། ཀུན་དགའ་བོ་དེ་ལྟར་འདས་པ་དང་མ་འོངས་པ་དང་། ད་ལྟར་བྱུང་བའི་དུས་དག་ཏུ། འཇིགས་པ་དང
227b2 བཅས་པ་ནི་བྱིས་པའོ།། འཇིགས་པ་མྱེད་པ་ནི་མཁས་པའོ།། ཡམས་ཀྱི་ནད་དང་བཅས་པ་ནི་བྱིས་པའོ།། ཡམས་ཀྱི་ནད་མྱེད་པ་ནི་མཁས་པའོ།། གནོད་པ་དང་བཅས་པ་ནི་བྱིས་པའོ།། གནོད་པ་མྱེད་པ་ནི་མཁས
227b3 པའོ།། ནད་འགོ་བ་དང་བཅས་པ་ནི་བྱིས་པའོ།། ནད་འགོ་བ་མྱེད་པ་ནི་མཁས་པའོ།། འཁྲུག་པ་དང་བཅས་པ་ནི་བྱིས་པའོ།། འཁྲུག་པ་མྱེད་པ་ནི་མཁས་པའོ།། ཀུན་དགའ་བོ་འཇིགས་པ་དང་། ཡམས་ཀྱི་ནད
227b4 དང་། གནོད་པ་དང་། ནད་འགོ་བ་དང་། འཁྲུག་པ་དག་ནི་བྱིས་པ་ལས་ཡིན་གྱི། མཁས་པ་ལས་ནི་མ་ཡིན་པར་ཤེས་པར་བྱའོ།། ཀུན་དགའ་བོ་དེ་ལྟ་བས་ན། བྱིས་པའི་ཆོས་དང་མཁས་པའི་ཆོས་ཁོང་དུ་ཆུད་པར
227b5 བྱའོ།། བྱིས་པའི་ཆོས་དང་མཁས་པའི་ཆོས་དག་ཁོང་དུ་ཆུད། ནས་ཀྱང་། བྱིས་པའི་ཆོས་ནི་སྤང་བར་བྱའོ།། མཁས་པའི་ཆོས་ནི་ཡང་དག་པར་བླང་བར་བྱ་སྟེ། ཀུན་དགའ་བོ་དེ་ལྟར་དེ་བཞིན་དུ
227b6 བསླབ་པར་བྱའོ།། བཙུན་པ་ཅི་ཙམ་གྱིས་ན་བྱིས་པ་བྱིས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་ལགས།། ཀུན་དཀའ་བོ་བྱིས་པ་ནི་ཁཾས་ལ་མཁས་པ་མ་ཡིན་པ་དང་། སྐྱེ་མཆེད་ལ་མཁས་པ་མ་ཡིན
227b7 བ་དང་། རྟེན་ཅིང་འབྲེལ་པར་འབྱུང་བ་ལ་མཁས་པ་མ་ཡིན་པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་མ་ཡིན་པ་སྟེ། ཀུན་དགའ་བོ་དེ་ཙམ་གིས་ན་བྱིས་པ་བྱིས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།།
227b8 བཙུན་པ་ཅི་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བགྱི་བའི་གྲངས་སུ་མཆི་བ་ལགས། ཀུན་དགའ་བོ་མཁས་པ་ནི་ཁམས་ལ་མཁས་པ་དང་། སྐྱེ་མཆེད་ལ་མཁས་པ་དང་། རྟེནད་ཅིང་འབྲེལ་པར་འབྱུང་བ་ལ་མཁས
227b9 པ་དང་། གནས་དང་གནས་མ་ཡིན་པ་ལ་མཁས་པ་ཡིན་ཏེ། ཀུན་དགའ་བོ་དེ་ཙམ་གྱིས་ན་མཁས་པ་མཁས་པ་ཞེས་བྱ་བའི་གྲངས་སུ་འགྲོ་བ་ཡིན་ནོ།། བཙུན་པ་ཅི་ཙམ་གིས་ནི་མཁས་པ་ནི་ཁམས་ལ་མཁས་པ་ལགས།།