| e-texts navigator |
| Wylie |
226b1 རིགས་ཀྱི་བུ་འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བསྔོ་བ་ཁ་ན་མ་ལོ་བ་མྱེད་པའོ།། འཇམ་དཔལ་གཞོན་ནུར་གྱུར་པས་ཕུང་པོ་གསུམ་པའི་སྔོ་བ་འདི་བཤད་པ་ན། བྱང་ཆུབ་སེམས་དཔལ་ལྔ་བརྒྱ་གྱི་སྐྱེ་བའི་ཆོམ
226b2 ལ་བཟོད་པ་ཐོབ་པར་གྱུར་ཏོ།། བྱང་ཆུབ་སེམས་དཔའ་ཆོས་ཐམས་ཅད་ལ་དམ་བཅའ་བར་གནས་པ་ཡང་མགུའོ།། ལྷ་དང་། མྱི་དང་། ལྷ་མ་ཡིན་དུ་བཅས་པའི་འཇིག་རྟེན་ཡང་འཇམ་དཔལ་གཞོན་ནུར་གྱུརྡ་པས་བཤད
226b3 པ་ལ་མངོན་པར་བསྟོད་དོ།། ། འཕགས་པ་ཕུང་པོ་གསུམ་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའོ།། རྫོགས་སྷོ།། རྒྱ་ཀར་གི་མཁན་པོ་སུ་ལེན་དྲ་བོ་དེ་དང་། པོ
226b4 ཙ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར། སྐད་གསར་ཅད་ཀྱིས་ཀྱང་བཅོས།། །། ། རྒྱ་གར་སྐད་དུ། བཧུད་ཏུ་ཀ་སུ་ཏྲ།
226b5 བོད་སྐད་དུ། ཁམས་མང་པོའི་མདོའོ།། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ལ་ཕྱག་འཚལ་ལོ།། འདི་སྐད་བདག་གིས་ཐོས་པ་དུས་གཅིག་ན། བཅོམ་ལྡན་འདས
226b6 གཉེན་དུ་ཡོད་པ་ན། རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་མགོན་མྱེད་ཟས་སྦྱིན་གི་ཀུན་དགའ་ར་བ་ན་བཞུགས་སོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་གཅིག་པུ་དབེན་པར་སོང་སྟེ། ནང་དུ
226b7 ཡང་དག་བཞག་ན། སེམས་ལ་སེམས་ཀྱི་རྣམ་པར་རྟོག་པ་འདི་ལྟ་བུ་དག་སྐྱེས་ཏེ། འཇིགས་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་མ་ཡིན་ནོ།། ཡམས་ཀྱི་ནད་གང་དག་དང་།
226b8 གནོད་པ་དང་། ནད་འགྲོ་བ་དང་། འཁྲུག་པ་གང་དག་འབྱུང་ཞིང་སྐྱེ་བ་དེ་དག་ཐམས་ཅད་ནི་བྱིས་པ་ལས་སྐྱེའི། མཁས་པ་ལས་མ་ཡིན་ནོ།། དེ་ནས་ཚེ་དང་ལྡན་པ་ཀུན་དགའ་བོ་ཕྱེ་མ་རེདག་ཏུཏྲ་དག་འཇོག་ལས་ལངས་ནས
226b9 བཅོམ་ལྡན་འདས་ཀ་ལ་བ་དེར་སོང་སྟེ། བྱིན་ནས། བཅོམ་ལྡན་འདས་ཀྱི་ཞབས་ལ་མགོ་བོས་ཕྱག་འཚལ་ཏེ། ཕྱོགས་གཅིག་ཏུ་འདུག་གོ།། ཕྱོགས་གཅིག་ཏུ་འདུག་ནས། ཚེ་དང་ལྡན་པ་ཀུན་དགའ་བོས་བཅོམ་ལྡན་འདས