| e-texts navigator |
| Wylie |
44b1 ཁས་མེད་ཡོར་རྣམས་དུས་སུ་འགྲུས་ཅིང་རྒྱམ་པར་འགྱུར། འདུན་པ་དང་། སི་འོང་བ་བྱིན་པས་ནི་མས་ད་གོས་ལ་སོགས་པ་ཡོངས་ཁྱོད་ས་དུ་འོང་བ་རྣམས་ལ་སེམས་འཇུག་པར་འགྱུར། གགཞན་ལ་མྱི་གནོད་པར་བྱིན་པས་ནི། ལོངས་སྤྱོད
44b2 བརྟན་པ་དོག་འཐོབ་པར་འགྱུར། མྱི་དགའ་བ་དང་དུ་ལེན་པའི་སྦྱིན་པས་ནི།། འཁོར་སྙིང་ཉེ་བར་འགྱུར། ཟས་བྱིན་པས་ནི་སྟོབས་དང་ལྡན་པར་འགྱུར། སྐོམ་བྱིན་པས་ནི་སྐེམ་པ་མྱེད་པར་འགྱུར། གོས་བྱིན་པས་ནི་ཁ་དོག་དང་ལྡན་པར་འགྱུར
44b3 མར་མྱེ་བྱིན་པས་ནི་མྱིག་དང་ལྡན་པར་འགྱུར། རོལ་མོའི་སྨྲེ་བྱིན་པས་ནི་རྣ་བ་ཉམས་པ་མྱེད་པར་འགྱུར། བཞོན་པ་བྱིན་པས་ནི་བདེ་བ་དང་ལྡན་པར་འགྱུར།། སྨན་བྱིན་པས་ནི་དད་ཉུང་བར་འགྱུར། མེ་ཏོག་བྱིན་པས་ནི་གཞན་གིས་མཆོད་པར་འགྱུར།།
44b4 མེ་ཏོག་འཕྲེང་བྱིན་པས་ནི་གཞན་གིས་རིམ་གྲོར་བྱ་བར་འགྱུར། བསྟོད་པ་དབྱིན་པས་ནི་ཚངས་པའི་དབྱངས་དང་ལྡན་པར་འགྱུར། སྦྲུམ་བྱིན་པས་ནིམ་མའི་གནས་ཐོབ་པར་འགྱུར། བཞོན་པ་བྱིན་པས་ནི་རྫུ་འཕྲུལ་དང་ལྡན
44b5 བར་འགྱུར། བྱུག་པ་བྱིན་པས་ནི་མ་བྱེད་པར་འགྱུར། ཕྱག་དར་བྱ་བ་བྱེད་བས་ནི་རྡུལ་དང་བྲལ་བར་འགྱུར།། དྲིལ་བུ་བྱིན་པས་ནི་མི་རབས་དྲད་པ་མ་འགྱུར། གནས་བྱིན་པས་ནི་ཐམས་ཅད་བྱིན་པར་འགྱུར། ཆོས་བྱི
44b6 ཞེས་ནི་བདུད་ཀྱི་བྱིན་པར་འགྱུར་གྱིས། བདག་གིས་ཆོས་ཀྱི་སྦྱིད་པ་སྦྱིན་པར་བྱ་གོར་མཆོག་སྙམ་མོ།། དེ་སྦྱིན་པ་དེ་ལྟ་བུ་སྦྱིན་པ་ན་ཆགས་པས་སྦྱིན་པར་མྱི་བྱེད་པ་ས་པས་སྦྱིན་པར་གྱི་བྱེད་པ་སངས་པས་སྤྱོད་པར་གྱི་བྱེད་གཚིག་པ་ལ་ཞིང་སྦྱིན
44b7 བར་གྱི་བྱེད། གནས་བཞིན་དུ་སྦྱིན་པར་གྱི་བྱེད། དེ་ག་ཅིང་སྦྱིན་པར་གྱི་བྱེད་ཀཱཆུར་བཅད་དེ་སྦྱིན་པར་གྱི་བྱེད། ཁྱད་དུ་གསོང་ཅིའི་སྦྱིན་བར་གྱི་བྱེད། མད་དེ་སྦྱིན་པར་གྱི་བྱེད། ང་རྒྱལ་གས་བྱེངས་པ་བཞིན་མ་སྦྱིན་པར་མི་བྱེད་ག་འགྱིང་བཞིན་དུ་སྦྱིན་པར་གྱི།
44b8 བྱེད།། ཨཱག་མར་གྱུ་རད་པ་སྦྱིན་པར་གྱི་བྱེད། རུལ་ཅིངའི་ཕྱགས་པ་སྤྱིར་བར་གྱི་བྱེད་ཀྱི།། སྤྱིར་བཀང་དང་གང་སྦྱིན་པ་དེདགུས་པར་སྐྱེ།། སྦྱིན་པར་བྱེད། བླ་མར་བྱས། རི་མོར་བྱས་པ་མཆོད་པར་བྱས་ཤིང་བརྗོད་ནས་སྦྱིན་པར་བྱེད། སང་དུ་སྦྱིད་པར་བྱེད
44b9 བའང་པོ་སྦྱིན་པར་བྱེད། རབ་ཏུ་དགའ་བས་སྦྱིན་པར་བྱེདདགའ་ཞིང་མགུ་བས་སྦྱིན་པར་བྱེད། གཙང་བ་དང་། རྒྱ་ཆེར་སྦྱིན་པར་བྱེད། རང་གི་ལག་ནས་སྦྱིན་པར་བྱེད། གུས་པ་དང་བཅས་པ་དང་། ཞེས་དང་བཅས་པར་སྦྱིན་པར་བྱེད