| e-texts navigator |
| Wylie |
43b1 དེ་མགོ་བོ་ཡོངས་སུ་གཏོང་བའི་སྦྱིན་པ་དེ་སྦྱིན་པ་ན།། དེ་བཞིན་གཤེགས་པའི་རྐྱེན་དུ་བབ་པའི་སྨོན་ལམ་བཞིན་དུ་མགོ་བོ་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན།། བདག་གི་སེཾས་ཅད་ཐམས་ཅད་འཇིག་རྟེན་གསུམ་ལས་ཁྱད་དུ་འཕགས་པ།
43b2 མཆོག། ཐམས་ཅད་མཁྱེནང་པའི་ཡེ་ཤེས་ཐོབ་པར་གྱུར་ད་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དོ།། མགོ་བོ་ཡོངས་སུ་གཏོང་བ་ཡི།། བསོད་ནམས་བདག་ལ་ཅི་ཡོད་པ།། དེས་ན་སེམས་ཅན་མཁྱེནད་ཀྱི་གོ།།
43b3 འབང་མྱི་གཡོ་ཐོབ་གྱུར་ད་ཅིག། དེ་ལ་པགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། པགས་པ་ཤུན་ཡོངས་སུ་གཏོང
43b4 བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཕག། ས་པ་འཇམ་ཞིང་སྲབ་ལ་གསེར་གི་མདོག་ལྟ་བུ་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དཀས་ཡིན་ཀོས།། བདག་གིས་བཀས་བ་ཤུན
43b5 ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆོག་སྙམ་མོ།། དེ་པགས་ཤུན་ཡོངས་སུ་གཏོང་བའི་སྦྱིན་པ་དེ་སྦྱིན་པ་ན།། དེ་བཞི།། ན་གཤེགས་པའི་སྨོན་ལམ་བཞིན་དུ། པཀས་ཤུན་ཡོངས
43b6 སུ་གཏོང་བའི་སྦྱིན་པ་འདིས་ན།། བདག་སེམས་ཅན་ཐམས་ཅད་ཀྱི་ས་པགས་པ་འཇམ་ཞིང་སྲ་བ་ལ།། ཀ་སེར་ཀཽ་ཁ་དོག་ལྟ་བུ་ཡོངས་སུ་རྫོགས་པར་གྱུར་ད་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་ཚིག
43b7 ཕྱི་མ་ཡང་ཡོད་དོ།། པཀས་ཤུན་ཡོངས་སུ་བཏང་བ་ཡིས།། བདག་གིས་སུ་ནི་ལུས་ཅན་རྣམས།། བཀས་ཤུན་ལུས་ལས་སྐྱེས་པ་དག། འཇམ་སྲབ་གསེར་ཀི་མདོག་སྤུར་ཤོག། དེ་ལ་ཤ་དང་ཁྲག་ཡོངས་སུ
43b8 གཏོང་བའི་སྦྱིན་བུ་ལ་ཇི་ལྟར་མངོན་པར་བརྗོད་བྱར་བྱེད་ཅེ་ན།། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།། ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི།། བྱང་ཆུབ་སེམས་དཔའ
43b9 རྣམས་ཀྱི་སྙིང་པོ་མྱེད་པ་ཐམས་ཅད་ལས་སྙིང་པོ་བླང་བའི་ཆོག་བླ་དགས་ཡིན་གིས།། བདག་གིས་ཤ་དང་ཁྲག་ཡོངས་སུ་གཏོང་བའི་སྤྱོད་པ་སྤྱོར་པར་བྱ་ཀོར་མ་ཆག་སྙམ་མོ།། རེག་དང་ཁྲག་ཡོངས་སུ་གཏོང་བའི་ཕྱིར།