e-texts navigator
Collection
Volume
Page
Wylie

41a1 བསྐུའ་བར་བྱ།། དེ་ལ་ནོར་དང་འབྲུ་དང་། བང་མཛོད་ཡོངས་སུ་གཏོང་བའི་སྤྱོན་པ་ལ་ཇི་ལྟར་མངོན་པར་བརྩོ་བར་བྱེད་ཅེར།། རིགས་ཀྱི་བུ་འདིས་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ། ནོར
41a2 དང་། འབྲུ་དང་བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་ཞེས་བྱ་བ་དེ་ནི།། བྱང་ཆུབ་སེམས་དཔའ་རྣམས་ཀྱི་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་རྫོགས་པར་འགྱུར་བའི་ཚིག་བླ་དགས་ཡིན་ཞེས། བདག་གིས་ནོར་དང་འབྲུ
41a3 དང་། བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་པར་བྱ་གོར་མ་ཆག་སྙམ་མོ།། དེ་ནོར་དང་འབྲུ་དང་བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་དེ་སྦྱིན་པ་ན། དེ་བཞིན་གཤེགས་པས་གསུངས་པའི་སྨོན་ལམ་བཞིན་དུ།
41a4 ནོར་དང་འབྲུ་དང་བང་མཛོད་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན་བདག་སེམས་ཅན་ཐམས་ཅད་ཀྱི་དམ་པའི་ཆོས་ཀྱི་མཛོད་ཡོངས་སུ་རྫོ་གས་པར་བྱེད་པར་གྱུར་ད་ཅིག་ཅེས་སྨོད་ལམ་འདེབས་སོ།། དེ་ལ
41a5 འདི་སྐད་ཅེས་བྱ་སྟེ།། ནོར་བུ་དང་དབྱིག་རྣམས་གཏོང་བའི་བསོ།། དེ་ནམས་ནི།། མཁས་ལས་ལྷག་པར་བདག་ལ་ཅི་ཡོད་པས། མྱི་རྣམས་རྒྱུད་ནི་དམ་པའི་ཆོས་མཛོད་ཀྱིས།། རྒྱལ་པོའི་མཛོད
41a6 ལྟར་མྱུར་དུ་རྒྱས་གྱུརྡ་ཅིག། ནོར་དང་འབྲུ་དང་བར་མཛོད་བུད་མྱེད་རྣམས།། གཏོང་བའི་བསོད་ནམས་བདག་ལ་ཅི་ཡོད་པ།། དེ་ན་བདག་གིས་བྱང་ཆུབ་མྱུར་འཐོབ་ཅིང་།། དམ་པའི་ཆོས་ཀྱི་མཎྜ
41a7 རི་ཐོབ་པར་ཤེག་དེ་ཡི་གྲོང་བཞི་དང་།། འཛམ་བུའི་གླིང་དང་། རྒྱལ་སྲིད་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བརྩོན་པར་བྱེད་ཅེ་ན།། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ
41a8 འདི་སྙམ་དུ་སེམས་ཏེ།། གླེང་བཞི་དང་། འཛམ་བུའི་གླིང་དང་། རྒྱལ་མོང་དབང་ཕྱུག་ཐམས་ཅད་ཡོངས་སུ་གཏོང་བའི་སྤྱོད་པ་བྱ་བ་དེ་ནི་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ངས་པའི་ཆོས་ཀྱི་རྒྱལ་སྲིད་ཀྱི་དབང་ཕྱུག་འཐོབ
41a9 པར་འགྱུར་བ་འཚོག་གྲ་དག་ས་ལ་དགས།། བང་གགས་གྲང་བན་དང་། འཇམ་བུ་འིགྲོང་དང་། རྒྱམ་སྲིད་ཀྱི་བང་ཐུག་སམས་པད་ཡོངས་སུ་གཏོང་བའི་སྦྱིན་པ་སྐྱེན་པར་བྱ་ཤོར་ས་ཅག་སུས་སོ།། དེན་ཀྱི་ནི་ན




iiif viewer powered by OpenSeadragon

40b - 41b

Texts on this page

Ng14.5 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo