e-texts navigator
Collection
Volume
Page
Wylie

40b1 སངས་རྒྱས་ཀྱིས་བསྟོད་ཅིང་བསྔགས་པའི་སྨོན་ལམ་བཞིན་དུ་སྐྱེད་མོས་ཆས་དང་། དཀའ་ཐུབ་ཀྱི་དགས་ཚལ་དང་། གཙུག་ལག་ཁང་ཡོངས་སུ་གཏོང་བའི་སྦྱིན་པ་འདིས་ན། བདག་སེམས་ཅན་ཐམས་ཅད་ཀྱི་བསམ་གཏན་ས
40b2 ཡན་ལག་ཡོངས་སུ་རྫོགས་པར་བྱེད་པར་གྱུར་ད་ཅིག་ཅེས་སྨོན་ལམ་འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ།། ལྷ་འང་སྐྱེད་མོས་ཚལ་བྱིན་པས། བདག་གིས་སེམས་ཅན་ཐམས་ཅད་ཀྱི། བསམ་གཏན་ཡན་ལག་རིམ
40b3 བཞིན་དུ།། ཡོངས་སུ་རྫོགས་པར་བྱེད་པར་ཤོག། ལྷ་གང་སྐྱེད་མོས་ཚལ་བྱིན་པས། རྣལ་འབྱོར་ད་ཅང་གི་ཀྱི་དེ་ལ།། བསམ་གཏན་ཡན་ལག་ཡོངས་རྫོགས་ཤིང་།། རྣལ་འབྱོར་དགྱོད་ལ་དཀའ་ཐུབ་ཚེ།། དེ་ལ་ཆུང་བ་དང
40b4 བུ་དང་། བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་ལ་ཇི་ལྟར་མངོན་པར་བསྒོ་རྐུ་བར་བྱེད་ཅེ་ན།། རིགས་ཀྱི་བུ་འདི་ལ་བྱང་ཆུབ་སེམས་དཔའ་དེ་འདི་སྙམ་དུ་སེམས་ཏེ།། ཆུང་བ་དང་བུ་དང་།། བུ་མོ་ཡོངས་སུ་གཏོང
40b5 བའི་སྦྱིན་པ་ཞེས་བྱ་བ་དེ་ནི། བྱང་ཆུབ་སེམས་དཔའ་རྣམས་ཀྱི་བླ།། ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་སྡུག་པ་མངོན་པར་རྫོ།། ཀླས་པར་འཚང་རྒྱ་བར་འགྱུར་བའི་ཚིག་བྲ་དགས་ཡིན་གོས
40b6 བདག་ཀོས་ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པ་སྦྱིན་བར་བྱ་གོར་མ་ཆག་སྙམ་མོ།། དེ་ཆུང་མ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའི་སྦྱིན་པར་དེ་སྦྱིན་པ་ན།། དེ་བཞིན་གཤེགས་པས
40b7 བསྙེད་བཀུར་མཛད་མཛད་པའི་སྨོན་ལམ་བཞིན་དུ།། ཆུང་བ་དང་བུ་དང་བུ་མོ་ཡོངས་སུ་གཏོང་བའི་སྤྱོད་པ་འདིས་ན། བདག་སེམས་ཅན་ཐམས་ཅད་བྲར་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོམ
40b8 བར་འཚང་རྒྱ་བར་བྱེད་པར་གྱུར་ཅིག་ཅེས་སྤོད་ལས་འདེབས་སོ།། དེ་ལ་ཚིག་ཕྱི་མ་ཡང་ཡོད་དེ། བུ་ཡྀ་སྦྱིན་པ་དེས་ནི་མྱུར་བར་ཡང་།། སེམས་ཅན་རྣམས་ནི་རེ་རེའི་དོད་ཀྱི་ཕྱིར།། སེམས་ཅན་ཐམས་ཅད
40b9 བླ་ར་མྱེད་པ་ཡི།། བྱང་ཆུབ་དམ་པ་འཚང་རྒྱ་བྱེད་པར་ཤོཀ།། ཆུང་མ་བུ་དང་བུ་མོ་གཏོང་བྱེད་པ།། དེ་ལ་བྱང་ཆུབ་བོག་མྱེད་དཀའ་བ་མྱེད།། བརྩོན་འགྲུས་ལྡན་པའི་ཀྱཻ་དེ་གང་ལ་ཡང་།། དཀའ་བ་ཙཾ་ཡང་མྱེད་པར




iiif viewer powered by OpenSeadragon

40a - 41a

Texts on this page

Ng14.5 - 'phags pa sbyin pa'i pha rol tu phyin pa zhes bya ba theg pa chen po'i mdo