e-texts navigator
Collection
Volume
Page
Wylie

25a1 xxx
25a2 སུ་ལུས་ཀྱི་སྐུ་གདུང་ཡང་དཔེརན། གསེར་གི་གཟུགས་བཞིན་དུ་རྒྱག་སོ་ཀྱི་འགུལ་བར་ལུས་ཀྱི་འོད་ཟེར་གི་དཀྱིལ་འཁོར་གི་ནང་ནས་རྣས་པར་བ་རད་པ་གསུམ་དང་། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱི་དང་པོའི་སོ་ཀེ་ཀས
25a3 བར་སྟོནད་ཏེ།། དེ་ནས་ལྷ་མྱི་ཐམས་ཅད་རྗེས་སུ་འབྲངས་ནས། རིན་པོ་ཆེའི་སྐུ་གདུང་གི་མཆོད་རྟེན་ལ་མཆོད་ནས། དེ་ནས་དཀའ་ལྡན་ཀཽ་གནས་སུ་རིན་པོ་ཆེ་སྣ་བདུན་གི་ཕོ་བྲང་ན། འདིག་ཞལ་མྱེད་ཁང་ཀསེ
25a4 ཀཽ་པད་མའི་སྟེང་དུ་བསྐྱིལ་མོ་ཀྲུང་བཅས་ནས་ལུས་འཛམ་བུ་ཀ་སེར་གཽ་ཁ་དོག་བཞིན་དུ་རྫུས་ཏེ་སྐྱེས་ནས།། སྐུ་ཆུར་དཔག་ཙད་ཅུ་དྲུག། མཚན་གསུམ་བཅུ་རྩ་གཉིས་པ། དབེའ་བྱང་བཟང་པོ
25a5 བརྒྱ་བཅུ་རྫོགས་པ་བརྒྱན་པ་དབུའི་ཐོར་ཚུགས་དང་ལྡན་པ། དབུ་སྨྲ་བེ་དུརྱའི་ཁ་དོག་འདྲ་བ། ཤ་ཀྲྀ་བ~ཾ་ལྀ་ཀྵ་དང་མ་འདི་དང་། ཀྱེན་ཤུགས་ཀྱི་རིན་པོ་ཆེ་ལྷའི་དབུའ་བརྒྱན་བརྒྱ་ནང་པ་དེ་ནས་ཞིང་ཁས
25a6 གཞན་གི་བྱང་ཆུབ་སེམས་དཔའ་ཐམས་ཅད་ཆོ་འཕྲུལ་བཅོ་བརྒྱད་སྟོནད་ཅིང་ལྷའི་དབུའ་བརྒྱན་གི་ནང་ན་ཡིང་ལ་སྨོན་པའི་རྗེས་སུ་མཐུན་པར་ལྷའི་དབུའི་བརྒྱད་ཀ་ནང་ན་གནས་སོ།། བྱམས་པའིའོ་སྤྱོད་མཚམས་ན་འོད་ཟེར
25a7 དཀར་པོ་བྱུང་སྟེ། འོད་ཟེར་དེ་དག་ལས་བརྒྱ་ཕྲག་གཽ་རིན་པོ་ཆེའི་ཁ་དོག་དང་ལྡན་པའི་མཚན་སུམ་བཅུ་རྩ་གཉིས་མཚན་རེ་རེ་འི་ནང་ནས་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེའི་ཁ་དོག་དཔེའ་བྱད་བཟང་པོ།། དཔེའ་བྱད་རེ་རེ
25a8 ལ་ལ་ཡང་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་མཚན་དང་དཔེའ་བྱད་ཀྱི་ཁ་དོག་འབར་བའི་ལྷའི་བུ་རེ་རེའི་འོད་ཟེར་བརྒྱད་ཁྲི་བཞི་སྟོང་གི་སྔོན་ཐམས་ཅད་པད་མ་ལ་རང་རང་འདུག་ནས། ཉིན་མཚན་རྟག་པར་ཕྱིར་མྱི་ལྡོག
25a9 བའི་སའི་ཆོས་ཀྱི་འཁོར་ལོ་སྤྱོད་པ། དཀྲོད་པ་གཅིག་ཅིང་དོན་གྲུབ་པ་བྱེ་བ་ཕྲག་ལྔ་བརྒྱའི་ལྷའི་བུ་དེ་དག་ཕྱིར་མྱི་ལྡོག་པའི་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འདི་དག་ཏུ་དགའ་ལྡན་གི་གནས་སུ་ཉིན




iiif viewer powered by OpenSeadragon

24b - 25b

Texts on this page

Ng14.4 - 'phags pa byang chub sems dpa' byams pa dga' ldan gnas su skye ba blangs pa'i mdo