e-texts navigator
Collection
Volume
Page
Wylie

23a1 ཕོ་བྲང་བཅོ་ཁྱད་ནི་དཔག་ཚད་དྲུག་བཅུ་རྩ་གཉིས། རྣམས་སུ་དཔག་ཚད་བཅུ་བཞི་ཀླུའི་རྒྱལ་པོ་བྱེ་བ་ཕྲག་ལྔ་བརྒྱས་ནི་འཕོ་བྲང་བསྐོར་ད། ཀླུའི་རྒྱལ་པོ་རེ་རེ་ཡང་བྱེ་བ་ཕྲག་ལྔ་བརྒྱའི་རིན་པོ་ཆེ་སྣ་བདུན་ཀཽ་ཤིང་གི་ཆར་པབ
23a2 པས་ཕོ་བྲང་ཀི་སྟེང་བརྒྱན། རང་བཞིན་རླུང་བྱུང་བས་ཤིང་དེ་དག་བསྐྱེད་པ་དང་། ཤིང་དེ་ལས་མྱི་རྟག་པ་དང་། སྡུག་བསྔལ་བ་དང་། སྟོང་པ་དང་། བདག་མྱེད་པ་དང་། ཕ་རོལ་ཏུ་ཕྱིནད་པ་ཐམས་ཅད་ཀྱི་སྒྲ་བྱུང་བར་གྱུར་པ
23a3 ཏོ།། དེ་ནས་ཕོ་བྲང་དེའི་ནང་ན་རྒྱལ་པོ་ཆེན་པོ་ལེའུ་དུ་བ་སྟ~ཾ་ཞེས་བྱ་བ་སྟན་ལ་འདུག་པ་ལས་ལངས་ཏེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ལ་ཕྱག་འཚལ་ནས། སྨོན་ལམ་འདི་སྐད་ཅེས་བཏབ་བོ།། བདག་གིས
23a4 བསོད་ནམས་ཀྱིས་བྱང་ཆུབ་སེམས་དཔའ་བྱམས་པའི་ཆོས་ཀྱི་ཕོ་བྲང་བྱེད་པའི་བསོད་ནམས་དང་ལྡན་ན། བདག་གིས་སྨིན་མཚམས་བར་ནས་ནོར་བུ་རིན་པོ་ཆེ་རང་བྱུང་བར་གྱུར་ད་ཅིག་ཅེས་སྨོན་ལམ
23a5 བཏབ་པ་དང་། དེ་མ་ཐག་ཏུ་བྱེ་བ་ཕྲག་བརྒྱའི་རིན་པོ་ཆེའི་བྱུང་ནས། རིན་པོ་ཆེ་བྱེ་དུརྱ་ལ་སོགས་པའི་ཁ་དོག་ཐམས་ཅད་རྫོགས་པར་གྲུབ། པ། ཤེལ་ཀཽ་ཁ་དོག་བཞིན་ཕྱི་ནང་གསལ་བ། རིན་པོ་ཆེའི་དེ
23a6 དག་ནམ་མཁའ་སྟོང་པ་ལ་འཁོར་ཞིང་། ངོ་མཚར་མེ་བའིའདོན་རྗེ་འཕོ་བྲང་རིབ་པ་བཞི་བཅུ་རྩ་དགུ་ཕྲུལ་བར་གྱུརྡ་ཏོ།། རེ་རེ་སྭཱན་ཤུན་རེ་རེ་ཡང་བྱེ་བ་འབུམ་ཕྲག་གི་རིན་པོ་ཆེ་པད་མ་འོངས་སྨྲས་པ
23a7 ལས་གྲུབ་པ། སན་ལུར་གི་བར་ཐམས་ཅད་ན་རྫུས་སྟེ་སྐྱེས་པའི་ལྷ་འི་བུ་བྱེ་བ་ཟག་དཀུ་དང་། ལྷའི་བུ་མོ་བྱེ་བ་ཕྲག་ལྔ་བརྒྱལ། ལྷའི་བུ་རེ་རེའི་ལག་ནས་རིན་པོ་ཆེ་སྣ་བདུན་བདུད་ལས་གྲུབ་པ་པད་མ་དཔག་ཏུ་མྱེད་པ་བྱེ་བ་ཕྲག
23a8 བཅུ་པད་མ་རེ་རེའི་སྟེང་དུ་འོད་བྱེ་བ་ཕྲག་དཔག་ཏུ་མྱེད་པ་འོད་དེ་དག་ཀི་ནང་ན་ལྷའི་རོལ་མོ་ཆ་ཀྱད་མ་དཀྲོལ་བར་སྨྲ་རང་བྱུང་བ། སྭ་དེ་དག་བྱུང་བ། སྨ་དེ་དག་བྱུང་བ་དང་། བུ་མོ་ཐམས་ཅད་ལངས་ནས་རོལ་མོའི་རྨ
23a9 ཀྱང་ཐོགས་ནས། གར་དང་ཀླུ་དབྱངས་སྙན་པ་ལེ་ནད་པའི་སྒྲ་ལས། དགེ་བའི་བཅུ་དང་སྲོནད་ལམ་བཞིན་ལ་སོགས་པའི་སྒྲ་ལྟ་མས་ཅད་ཀྱིས་བོས་པས། བླ་ན་བྱེད་པའི་བྱང་ཆུབ་ཏུ་སེམས་བསྐྱེད་།། རེ་རས་སྲེང




iiif viewer powered by OpenSeadragon

22b - 23b

Texts on this page

Ng14.4 - 'phags pa byang chub sems dpa' byams pa dga' ldan gnas su skye ba blangs pa'i mdo