| e-texts navigator |
| Wylie |
21b1 ཆེན་པོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་རབ་ཏུ་མང་པོ་དང་ཐབས་གཅིག་ཏུ་བཞུགས་ཏེ། དེ་ནས་བཅོམ་ལྡན་འདས་མཚན་མོའིཐུན་དང་པོ་ལ་སྐུ་ལས་འོད་གཅེར་གི་ཁ་དོག་ལྟ་བུ་བྱུང་ནས་རྒྱལ་བྱེད་ཀྱི་ཚལ་ལན་བདུར
21b2 བསྐོར་ཏེ། ཁྱིམ་བདག་སུ་ཏ་ཤ་ལ་སོགས་པ་འོད་ཀྱིས་རེག་པར་བྱས་ནས་འོད་ཟེར་ཀི་ཁ་དོག་ལྟ་བུ་ནམ་མཁའ་ལ་སྤྲིན་བཞིན་དུ་ཁྱབ་པར་བྱས་ནས།། མཉན་ཡོད་པའི་ཡུལ་ཀུན་ཏུ་གསེར་ཀཽ་ཁ་དོག་ལྟ་བུའི་མེ་ཏོག་ཀི་ཆེར་རབ་ཏུ
21b3 ཕབ་བོ།། འོད་གསེར་ཀི་ཁེཁ་དོག་ལྟ་བུའི་ནང་ནས་སྩལ་པའི་དེ་བཞིན་གཤེགས་པ་དཔག་ཏུ་མྱེད་པ་བརྒྱ་སྟོང་སྣང་བ་ཐམས་ཅད་ཀྱིས་གསུང་མཐུན་པར་བསྐལ་པ་འདི་ཉིད་དུ་བྱང་ཆུབ་སེམས་དཔའ་སྟོང་གི་དང་པོ་ལོག་པར་དད་སེལ
21b4 སངས་རྒྱས་པ་ནས། ཐ་མ་སྤང་མངང་སངས་རྒྱས་པའི་དོན་བཀའ་སྤང་ཏོ།། དེ་སྐད་ཅེས་བཀའ་བལ་ནས། ཚེ་དང་ལྡན་པ་ཀུན་ཤེས་ཏེ་འུ་དི་ནྱ་ཏིང་ངེ་འཛིན་ལས་སངས་ནས། འཁོར་ཉིམ་བརྒྱ་ས་བཅུ
21b5 དང་། ཚེ་དང་ལྡན་པ་འོད་སྲུངས་ཆེན་པོ་འཁོར་ཉིས་བརྒྱ་ལྔ་བཅུ་དང་། མེ་དང་ལྡན་པ་མེའུ་འགལ་གི་བུ་འཁོར་ཉིས་བརྒྱ་ལྔ་བཅུ་དང་། ཚེ་སྤུན་བག་པོའི་བུ་འཁོར་ཉིས་བརྒྱ་སྤུ་བཅུ་དང་། མ་གཔག་པ་འི།
21b6 ལ་སོགས་དགེ་སློང་མ་སྟོང་དང་། ཁྱིམ་བདག་སུ་ཏ་ན་ལ་སོསོགས་བ་དགེ་སྙེན་པ་སུམ་སྤྱོང་དང་། བྱིག་ཝ་སྒོལ་སོཚོགས་པ་དགེ་སྙེན་མ་ཉིས་སྟོང་དང་། ཀུན་ཏུ་བཟང་པོ་ལ་སོཚོགས་པའི་སྐལ་བ་བཟུང
21b7 པོའི་བྱང་ཆུབ་སེམས་དཔའ་བཅུ་དྲུག་དང་། ཆོས་ཀྱི་རྒྱལ་བུ་འཇམ་དཔལ་གཞོ་ནུར་གྱུར་དུ་བ་ལ་སོཚོགས་པ་བྱང་ཆུབ་སེམས་དཔའ་ལྔ་བརྒྱ་དང་། སྟ་དང་ཀླུ་དང་། གནོད་སྤྱོད་དང་། ལྷ་མ་ཡིན་ལ་སོཚོགས་པ་འཁོར
21b8 ཐམས་ཅད་དེ་བཞིན་གཤེགས་པའི་འོད་ཀྱིས་བསྐུལ་ནས་སྲིན་བཞིན་དུ་འདུས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ལྗགས་ཀྱི་དབང་པོ་ལས་འོད་ཟེར་སྟོང་ཕྱུང་ནས། འོད་ཟེར་རེ་རེ་ཁ་དོག་སྟོང་སྟོང་།། ཁ་དོག་རེ
21b9 རེའི་ནང་ནས་སྤྲུལ་པ་དེ་བཞིན་གཤེགས་པ་དཔག་ཏུ་མྱེད་པ་སྙེད་སྣང་ངོ་།། དེ་བཞིན་གཤེགས་པ་དེ་དག་ཐམས་ཅད་ཀྱིས་གསུངས་མཐུན་པར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཐམས་ཅད་ཀྱི།། ཆོས་ཐོས