| e-texts navigator |
| Wylie |
72a1 འདས་ཀྱིས་བཀའ་སྩལ་བ། ཀུན་དགའ་བོ་དེའི་ཕྱིར་ཁྱེད་ཀྱིས་ཆོས་ཀྱི་ནམ་གྲངས་འདི་འདུད་རྩི་བརྗོད་པ་ཞེས་བྱ་བར་ཟུང་ཤིག། བྱམས་པས་ཞུས་པ་ཞེས་བྱ་བར་ཡང་ཤིག། བཅོམ་ལྡན་འདས་ཀྱིས་དེ་སྐད་ཅེས
72a2 པ། བཀའ་སྩལང་ནས། ཚེ་དང་ལྡན་པ་ཀུན་དགའ་བོ་དང་། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་དང་། དགེ་སློང་དེ་དག་དང་། བྱང་ཆུབ་སེམས་དཔའ་དེ་དག་དང་། ཐམས་ཅད་དང་ལྡན་པའི་འཁོར་དེ་དང་། སྒྲ་དང་། མྱི་དང་།
72a3 སྐེ་མ་ཡིན་དང་། དྲི་ཟར་བཅས་པའི་འཇིག་རྟེན་དུ་ཡི་རངས་ཏེ། བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་སྟོང་ངོ་།། འཕགས་པ་བདུད་རྩི་བརྗོད་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ།། རྫོགས་སོ།། རྒྱ་གར་གི་མཁན་པོ་ཕྲང
72a4 བར་མ་དང་། ཞུ་ཆེན་གྱི་ལོ་ཚ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་བཏན་ལ་ཕབ་པ།། ། རྒྱ་གར་སྐད་དུ། ད་མ་ཙག་ཀ་སུ་ཏྲ། བོད་སྐད་དུ། ཆོས་ཀྱི་འཁོར་ལོ
72a5 མ།། ཐམས་ཅད་ས་ཁྱེན་པ་ས་རྒྱག་འཚལ་ལོ།། འདི་སྐ་འང་། གགིས་ཐོས་པའི་རྗེས་ཤི། ཡངས་རྒྱས་བཅོས་ལྡན་འདས་པར་ན་སེརམོང་ས་པ་རི་དགས་ཀྱི་ནགས་ནཞུགས་ཏེ། དེན་བཅོམ་ལྡན
72a6 ཀྱིས་སྔ་སྡེའི་དགེ་སློང་རྣམས་ལ་བཀའ་སྩལྡ་པ། དགེ་སློང་དག་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་འཕགས་པ་འི་བདེན་པའོ་ཞེས་ཚུལ་བཞིན་ཡིད་ལ་བྱེད་པ་ན། མྱིག་སྐྱེས་སོ།།
72a7 ཤེས་པ་དང་། རིག་པ་དང་། བྲོ་དང་། རྟོགས་པ་སྐྱེས་སོ།། དགེ་སློང་དག་པ་སྔོན་མ་ཐོས་པའི་ཆོས་རྣམས་ལ། འདི་ནི་སྡུག་བསྔལ་ཀུན་འབྱུང་བའོ།། འདི་ནི་སྡུག་བསྔལ་འགོག་པའོ།། འདི་ནི་སྡུག་བསྔལ་འགོག
72a8 བར་འགྲོ་བའི་ལམ་མོ་ཞེས་ཚུལ་བཞིན་ཡིན་ལ་བྱེད་པ་ན། མྱིག་སྐྱེས་སོ།། ཤེས་པ་དང་། རིག་པ་དང་། བྲོ་དང་རྟོགས་པ་སྐྱེས་སོ།། དགེ་སློང་དག་པསྔོན་མ་ཐོས་པའི་ཆོས་རྣམས་ལ་སྡུག་མསྔལ་འཕགས་པའི་བདེས
72a9 རེངས་མངོན་པར་ཤེས་པས། ཡོངས་སུ་ཤེས་པར་བྱའོ་ནས་ཚུལ་བནི་ན་ཡིད་ལ་བྱེད་པ་དབྱིག་སྐྱེས་སོ།། ཞེས་པ་དང་། རེག་པ་དང་། བྲོ་དང་རྟོགས་པ་བྱིས་སོ།། དགེ་སློང་དགར་སོན་མ་ཐོས་པའི་ཆོས་རྣམས་པ