| e-texts navigator |
| Wylie |
71b1 སེང་གེའི་སྒྲ་བསྒྲགས་པ་ལེགས་མོ་ལེགས་སོ།། ཆོས་ཀྱི་རྣམ་གྲངས་འདི་ཁྱོད་ལ་ཡོངས་སུ་གཏད་ཀྱིས། ཕྱི་མའི་མི་ཕྱི་མའི་དུས་ལྔ་བགྲུབ་ཐམས་དམ་པའི་ཆོས་ནུབ་པའི་དུས་པ་བམ་ཅིང་། སངས་རྒྱས་ཀྱི་བྱང་ཆུབ་འཇིགས་པར་འགྱུར
71b2 འཇིགས་པ་ཆེན་པོས་འཇིགས་པའི་དུས་ལ་བབ་པའི་ཚེ་ཁྱོད་ཀྱིས་ནམ་གྲངས་འདི་སེམས་ཅན་ཐམས་ཅད་ལ་བསྟནད་པར་བྱའོ།། རབ་ཏུ་བསྒྲགས་པར་བྱའོ།། སྐྱེས་བུ་དམ་པ་དེ་དག་གི་མོས་པ་སྐྱེད་པར་བྱའོ།། དོན་དམ་པའི་ཆོས་ཉིད་ཆད་མ
71b3 བྱས་ལ་མངོན་པར་བརྩོན་པས་ལས་གཞན་གྱི་བྱ་བར་རབ་ཏུ་བསྒྲགས་པར་བྱའོ།། དོན་དམ་པའི་ཆོས་ཉིད་ཁོ་ན་ལས་མམས་ཏེ། དབང་དུ་བྱས་ལ་བསྟནང་པར་བྱའོ།། ཅི་ནས་ཀྱང་སྐྱེས་བུ་དམ་པ་དེ་དག་གིས་ཆོས་ཀྱི་རྣམ་གྲངས་འདི་ངས
71b4 བཞིན་དུ་ཕྱིན་ཅི་མ་ལོག་པར་མངོན་པར་རྟོགས་པར་འགྱུར་བ་དེ་ལྟར་བསྟནདུ་པར་བྱའོ།། བྱང་ཆུབ་སེམས་དཔའ་བྱམས་པས་གསོས་པ། བཅོམ་ལྡན་འདས་དེ་ལྟར་འཚལ་ལོ།། དེ་ནས་དབང་པོ་དང་བཅས་པའི་སྒྲ་རྣམས་དང་།
71b5 ཚངས་པ་དང་བཅས་པ་རྣམས་དང་། སྐྱེ་དགུའི་བདག་པོ་དང་། བཅས་པ། རྣམས་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་འཇུག་ཏུ་ཕྱིནད་པའི་རུས་ལ་བབ་པ། ར་ཤེས་ནས། བཅོམ་ལྡན་འདས་དང་བྱང་ཆུབ་སེམས་དཔའ་ཆེན་པོ
71b6 བྱམས་པ་ལ། ལྷའི་མེ་ཏོག་དང་། གདུགས་དང་། སྤོས་དང་། མེ་ཏོག་དང་། འཕྲེང་བ་དང་བྱུག་པ་དང་ཕྱེ་མ་དང་ཀོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དམ་དག་གིས་མཆོད་ནས། འདི་སྐད
71b7 ཅེས་བཅོམ་ལྡན་འདས་གང་གིས་སེམས་ཅན་དཔག་ཏུ་མ་མཆིས་པ་རྣམས་ཀྱིས་དོན་བགྱིས་པ་ཆོས་ཀྱི་རྣམ་གྲངས་འདི་ནི་མ་ལ་ལ་བདུད་རྩི་བརྗོད་པ་ལགས་སོ་ཞེས་སྨྲས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་ཚེ་དང་ལྡན་པ་ཀུན་དག
71b8 བོ་ལ་བཀའ་སྩལ་པ། ཀུན་དགའ་བོ་རྣམ་གྲངས་འདི་ལྟ་བུ་ཐོབ་པར་དགའ། ཁྱོད་ཀྱིས་ཆོས་ཀྱི་རྣམ་གྲངས་འདི་ཟུང་ཤིག། ཡི་ཀེར་བྲིས་ཤིག། ཆོངས་ཤིག། སྤོགས་ཤིག། ཀུན་ཆུབ་པར་བགྱིས་ཤིག། ཚེ་དང་ལྡན་པ
71b9 ཀུན་དགའ་བོས་གསོལ་པ། བཅོམ་ལྡན་འདས་བདག་གིས་ཆོས་ཀྱི་རྣམ་གྲངས་འདི་བཟུང་བ་ལགས་ན། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདིའི་མྱིང་ཅི་ལགས།། འདི་ཅི་ལྟར་གཟུང་བར་བགྱི། བཅོམ་ལྡན