| e-texts navigator |
| Wylie |
71a1 དེདགས་འདོད་དགས་དང་གཉི་མུག་དང་། བརྒྱལ་ང། སེམས་དང་། ཐོབ་དང་། གནོད་སེམས་ཀྱིས་གནོད་པས་ཀྱི་འགྱུར་རོ།། དེའི་བྲིས་པ་རིམས་དད་དས་པ་གྲངས་ཀྱི་འར། ན
71a2 མམདོ་སྡེ་འདི་ལྟ་བུ་དེ་འཛིན་པ་དང་། ཆོས་སྨྲ་བ་གནས་པ་འམ། ཆོས་ཀྱི་ནམ་གྲངས་འདི་གླེགས་བམ་དུ་བྲིས་ཏེ། ཡོད་པའི་ཡུལ་དེར་ནད་དང་སེམས་ཀྱི་ནང་དང་གནོད་པ་དཀོ་ནི་སུ་དྲུག་པ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།།
71a3 དེ་རས་བཅོམ་ལྡན་འདས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྲད་ཀྱི་བ་ལྔ་བརྒྱམ་ཡས་དམ་བའི་ཆོས་འཇིག་པར་འགྱུར་བའི་ནུས་ལ་བབ་ཅིང་། སངས
71a4 སངས་རྒྱས་ཀྱི་བྱང་ཆུབ་འཇིག་པར་འགྱུར་བ་འཇིགས་པ་ཆེན་པོས། འཇིགས་པའི་དུས་ལ་བབ་པ་མ། བདག་གི་ཆོས་ཀྱི་རྣམ་གྲངས་འདི་སྐྱེས་བུ་དམ་པ་དེ་དག་ལ་རབ་ཏུ་བསྟནད་པར་བགྱིའོ།། དེ་དག་ལ་གཟི་བྱིན་གསལ་བར
71a5 བགྱིའོ།། ཡུལ་གང་ན་མདོ་སྡེ་འཛིནད་པ་འདི་ལྟ་བུ་དག་གནས་པའི། ཡུལ་དེར་བདག་གིས་དུས་མ་ལགས་པའི་གསེར་མ་དང་། དགུང་ཆར། དང་། མུ་གེ་དང་། བྲོ་ནད་ཀྱི་ཡང་བ་དང་། མྱིངས་དང་། ཡམས་ཀྱི
71a6 ན་དང་། གནོད་པ་དང་། འཁྲུག་པ་ཐམས་ཅད་རབ་ཏུ་ཞི་བར་བགྱིའོ།། ཡུལ་གང་ན་ཆོས་ཀྱི་རྣམ་གྲངས་འཆད་པ་དང་། གླེགས་བབ་ཏུ་བགྱིས་པ་འམ། རྒྱ་མཚན་གྱི་རྩེ་མོར་བཏགས་པ་ལ་མཆོད་པ་བགྱིད་པའི
71a7 ཡུལ་དེར་བདག་གི་བྱིན་གྱི་རླབས་ཀྱིས་ཕ་རོལ་ཀྱི་དམག་ཚོགས་ཐམས་ཅད་དང་། ཆོས་ཀུན་དང་། སྲིན་པོ་དང་། མཁའ་འགྲོ་མའི་ཡང་བ་ཐམས་ཅད་རབ་ཏུ་ཞི་བར་འགྱུར་རོ།། གང་དཀར་ཆོས་སྨྲ་བའི་འདིས་བུ་དག་དང་། མདོ
71a8 སྡེ་འདི་འཆང་བའི་ཡུལ་དེར་བདག་གིས་ལོ་ཏོག་དང་། ནོར་དང་། འབྲུ་དང་། མེ་ཏོག་དང་། ལོ་མ་དང་། འབྲས་བུ་ཐམས་ཅད་ཕུན་སུམ་ཚོགས་པ་དང་། བདེ་བ་ཐམས་ཅད་འབྱུང་བར་བྱིན་གྱིས་བརླབས་པར་བགྱིའོ།། བཅོམ་ལྡན་འདས
71a9 ཀྱིས་བཀའ་སྩལང་པ། བྱམས་པ་ཁྱོད་སེམས་ཅན་ཐམས་ཅད་ཀྱི་དོན་གྱིས་ཕྱིར་དང་། དེ་བཞིན་གཤེགས་པའི་དས་པའི་ཆོས་ཡོངས་སུ་བཟུང་བའི་ཕྱིར་དེ་བཞིན་གཤེགས་པའི་ཆོས་ཀྱི་ཚུལ་ཡོངས་སུ་བསྐྱང་བའི་ཕྱིར་གོ་མ་ཆེན་པོ་བགོས