e-texts navigator
Collection
Volume
Page
Wylie

70b1 བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་བསྟནད་པ་འདི་ནི།། ། ཨ་ལ་ལ་སྨན་པའི་རྒྱལ་པོ་ཆེན་པོ་ལགས་སོ།། ཐ་ན་དུད་འགྲོའི་སྐྱེ་གནས་སུ་སྐྱེས་པ་ཡང་རུང་སྟེ། གང་དག་ནི་རྣ་ལམ་དུ་ཆོས་ཀྱི་རྣམ་གྲངས་འདི་གྲགས་པར་གྱུར
70b2 པ་དེ་དག་མི་དགེ་བའི་རྩ་བ་ཆེན་པོའི་ཚོགས་བསགས་པ་སྟེ། སེམས་ཅན་ལས་ཁྱད་པར་དུ་འཕགས་པ་ལགས་སངས་རྒྱས་ཐམས་ཅད་ལ་ལྟ་བ་དང་ལྡན་པ་ལགས།། སྐྱེ་བོ་མང་པོ་ལ་ལྷག་པར་བགྱི་བ་བགྱིས་པ་ལགས
70b3 དགེ་བའི་རྩ་བ་བསྐྲུན་པ་ལགས་སོ།། དེ་དག་ལས་ཀྱི་སྒྲིབ་པ་དེ་ཡོངས་སུ་དག་ནས། དུད་འགྲོའི་ཡུལ་དེ་ལས་ཡོངས་སུ་ཐར་ཏེ་མྱིའི་ལུས་ཐོབ་པར་འགྱུར་ཞིང་། ཐོས་ནས་ཀྱང་ཚེ་རབས་སྔ་མ་དྲན་ཏེ། དེ་བཞིན་གཤེགས་པའི་བསྟན
70b4 བ་ལ་དད་པ་རྙེད་ནས། སངས་རྒྱས་ཀྱི་ཞིང་གང་དང་གང་དུ་སྐྱེ་བ་འཚལ་བ་དེ་དང་དེར་སྐྱེ་བར་འགྱུར་ན། མྱིར་གྱུར་ནས་ཐོས་པ་རྣམས་ལྟ་སྨོས་ཀྱང་ཅི་འཚལ། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་འདི་ཐོས་པ་འདི། དེ་ལྟར
70b5 སེམས་ཅན་རྣམས་དོན་ཆེན་པོ་ལགས་སོ།། བཅོམ་ལྡན་འདས་གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐོས་པའི་སེམས་ཅན་དེ་དག་ནི། བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ལ་ངེས་པའི་ཚོགས་ལ
70b6 གནས་པར་འགྱུར་བ་ལགས་ཏེ།། བཙུན་པ་བཅོམ་ལྡན་འདས་དེ་ངག་ནི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ཀྱིས་ཡོངས་སུ་བཟུང་བས་མྱུར་དུ་བླ་ན་མྱེད་པ
70b7 ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་དཔ། བྱམས་པ་ལེགས་སོ་ལེགས་སོ།། བྱམས་པ་ཁྱོད་ཀྱིས་ཇི་སྐད་སྨྲས་པ་དེ་ནི
70b8 དེ་བཞིན་ནོ།། དེ་བདེན་ནོ།། དེ་ནི་དེ་ཁོ་ནའོ།། དེ་ནི་མ་ནོར་བའོ།། གང་དག་ཆོས་ཀྱི་རྣམ་གྲངས་འདི་ཐེ་ཙོམ་དང་བཅས་པས་ཐོས་པའི་སེམས་ཅན་དེ་དག་ཀྱང་དགེ་བའི་རྩ་བ་ཆུ་དུ་དང་ལྡན་པ་མ་ཡིན་ན། གང་དག་བཅོམ་མྱེད་པ།
70b9 ཉན་པ་དང་། འཛིནད་པ་དང་། འཆང་བ་དང་། ཀློག་པ་དང་། ཀུན་ཆུབ་པར་བྱེད་པ་དང་། རྒྱ་ཆེར་ཡང་དག་པར་སྟོནད་པ་ལྟ་སྨོས་ཀྱང་ཅི་བགོས། མདོ་སྡེ་འཛིནད་པ་དེ་ལྟ་བུ་དག་ལ་བདུད་ཀྱི་ལས་འབྱུང་བར་མྱི་འགྱུར་རོ།།




iiif viewer powered by OpenSeadragon

70a - 71a

Texts on this page

Ng13.3 - 'phags pa bdud rtsi brjod pa zhes bya ba theg pa chen po'i mdo