| e-texts navigator |
| Wylie |
70a1 སེམས་དཔའ་ཆེན་པོ་རྣམས་ཆོས་ལྔ་པོ་དེ་དག་དང་ལྡན་ན། བདུད་ཀྱི་རིས་ཐམས་ཅད་ཀྱིས་བགེགས་བྱ་བར་མྱི་འགྱུར་བ་དང་། བདུད་ཀྱིས་འཁོར་ཐམས་ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དང་། སེམས
70a2 ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར། ཚེ་རིང་དུ་སྐྱོང་བར་བྱེད་པ་དང་། མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་རོ།། བཅོམ་ལྡན་འདས་ཀྱིས་ཆོས་ལྔ་བསྟནད་པ་འདི
70a3 བཤད་པ་ན་དགེ་སློང་སྟོང་ནི་ལེན་པ་མྱེད་པར་ཟག་པ་རྣམས་ལས་རྣམ་པར་གྲོལ་ལོ།། བྱང་ཆུབ་སེམས་དཔའ་བདུན་ཁྲི་ཉིས་སྟོང་ནི་མྱི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་པར་གྱུརང་ཏོ།། ལྔའི་བུ་བརྒྱད་ཁྲི་བའི
70a4 སྟོང་ནི་ཆོས་རྣམས་ལ་ཆོས་ཀྱི་མྱིག་རྡུལ་མྱེད་ཅིང་དྲི་མ་དང་བྲལ་ལ་ཉོན་མོངས་པ་མྱེད་པ་རྣམ་པར་དག་གོ།། དེ་ནས་བཅོམ་ལྡན་འང་ས་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས
70a5 འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་བདག་སྤོབས། ལགས་སོ།། བདེ་བར་གཤེགས་པ་བདག་སྤོབས་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུད་དེ
70a6 བཞིན་དུ་བབ་པར་ཤེས་ནའོ།། དེ་ནས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པ་བཅོམ་ལྡན་འདས་ཀྱིས་གནང་བས། དེའི་ཚེ་སྟ་ནང་ལས་ལངས་ཏེ། བྲ་ཀོས་ཕྲག་པ་གཅིག་དུ་གཟར
70a7 ནས་པུས་མོ་གཡས་པའི་ལྷ་ང་ས་ལ་གཅུགས་ཏེ། བཅོམ་ལྡན་འདས་ག་ལ་བ་དེར་སོགས་སུ་ཐལ་མོ་སྦྱར་བ་བཏུད་ནས། བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། སེམས་ཅན་འདོད་ཆགས་དང་ཞེ་སྡང་ངང་།
70a8 གཏི་མུག་ཐམས་ཅད་ཀྱི་བྲོ་ནད་ཅན། ལྟ་བ་ཐམས་ཅད་ཀྱི་རབ་རིབ་དང་། ལིང་ཏོག་གི་མུན་པས་བསྒྲིབས་པ་ཐམས་ཅད་ཀྱི་ཉོན་མོངས་པ་ཐམས་ཅད་ཀྱི་བྲོ་ནད་གསོ་བ་དང་། ཆོས་ཀྱི་མྱིག་བླ་ན་མྱེད་པ་ཡོངས་སུ་སྦྱང
70a9 བའི་སྲད་དུ་བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་བསྟན་པ་འདི། ཨ་ལ་ལ་རྨང་དུ་བྱུང་བ་ཆེན་པོ་ལགས་སོ།། བཅོམ་ལྡན་འདས་ཆོས་ཀྱི་རྣམ་གྲངས་བསྟནད་པ་འདི་ནི།། ཨ་ལ་ལ་བདུད་རྩི་ཆེན་པོ་ལགས་སོ།