| e-texts navigator |
| Wylie |
69b1 དཔའ་སེམས་དཔའ་ཆེན་པོ་རྣམས་ཆོས་དུ་དག་དང་ལྡན་ན། བདུད་ཀྱི་རིས་ཐམས་ཅད་ཀྱིས་བགེགས་བགྱི་བར་མྱི་འགྱུར་བ་དང་། བདུད་ཀྱི་འཁོད་མས་ཅད་ཀྱིས་འདའ་བར་བགྱི་བ་མ་ལགས་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བའི
69b2 སླད་དུ་ཚེ་རིང་དུ་སྐྱོང་བར་བགྱིད་པ་དང་མྱུར་དུ་བླ་ན་མྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཚང་རྒྱ་བར་འགྱུར་ལགས།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱས
69b3 པ་ལ་ལེགས་སོ་བྱ་བ་བྱིན་ཏེ་བྱམས་པ་ལེགས་སོ་ལེགས་སོ།། བྱམས་པ་ཁྱོད་སྐྱེ་བོ་མང་པོ་ལ་ཕན་པའི་ཕྱིར་ཞུགས་ཏེ། སྐྱེ་བོ་མང་པོ་ལ་བདེ་བ་དང་འཇིག་རྟེནད་ལ་སྙིང་རྩེ་བ་དང་། ལྷ་དང་མྱི་རྣམས་ཀྱི་སྐྱེ་བོ་ཕལ་པོ་ཆེའི
69b4 དོན་དང་ཕན་པ་དང་། བདེ་བའི་ཕྱིར། དེ་བཞིན་གཤེགས་པ་དགྲ་བཅོ་མ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ལ་དོན་འདི་འདྲི་བར་སེམས་པ་ནི་ཁྱོད་ཡང་ལེགས་སོ།། དེའི་ཕྱིར་བྱམས་པ་ཁྱོད་ལེགས་པར་རབ་ཏུ
69b5 ཉོན་ཅིག་དང་ངས་བཤད་དོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་དེ་ལྟར་འཚལ་ལོ་ཞེས་གསོལ་ཏེ།། བཅོམ་ལྔ། ན་འདས་ཀྱི་ལྟར་ཉན་པ་དང་། བཅོམ་ལྡན་འདས་ཀྱིས་དེ་ལ་འདི་སྐད
69b6 ཅེས་བཀའ་སྩལ་ཏོ།། བྱམས་པ་བྱང་ཆུབ་སེམས་དཔའ་སེམ་ས་དཔའ་ཆེན་པོ་རྣམས་ཆོས་ལྔ་དང་ལྡན་ན། བདུད་ཀྱི་རིས་ཐམས་ཅད་ཀྱིས་བགེགས་བྱ་བར་མྱི་འགྱུར་བ་དང་། བདུད་ཀྱི་འཁོར་ཐམས
69b7 ཅད་ཀྱིས་འདའ་བར་བྱ་བ་མ་ཡིན་པ་དང་། སེམས་ཅན་རྣམས་ལ་སྙིང་བརྩེ་བའི་ཕྱིར་ཚེ་རིང་དུ་སྦྱོང་བར་བྱེད་པ་དང་། མྱུར་དུ་བླ་ན་བྱེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་འཆང་རྒྱ་བར་འགྱུར་རོ།།
69b8 ལྔ་པོ་དག་གང་ཞེ་ན། འདི་ལྟ་སྟེ་རྒྱུན་གྱི་འཆད་པར་ཆོས་སྤྱོད་པ་དང་། རྒྱུན་མྱི་ཆད་པར་སེམས་ཅན་ཐམས་ཅད་ལ་མྱི་འཇིགས་པ་སྦྱིར་བ་དང་། རྒྱུན་མྱི་འཆད་པར་བྱམས་པ་ཆེན་པོ་དང་། སྙིང་རྗེ་ཆེན་པོ་དང་། དགའ
69b9 པ་ཆེན་པོ་དང་། བཏང་སྙོམས་ཆེན་པོ་སྡོམ་པ་དང་། རྒྱུད་མྱི་འཆད་པར་མཆོད་རྟེན་རྙིང་པ་བཅོས་པ་དང་། རྒྱུ་ནང་མྱི་འཆད་པར་སེམས་ཅན་ཐམས་ཅད་བྱང་ཆུབ་ཀྱི་སེམས་ལ་མོས་པར་བྱ་སྟེ། བྱང་ཆུབ་སེམས་དང