| e-texts navigator |
| Wylie |
68b1 རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་གཞན་ཞིག་གིས་དེ་གཤེགས་པས་ཡང་དག་པར་བསྟནད་པ་འདི་ཐོས་ནས་དད་ཅིང་སེམས་རབ་ཏུ་དད་བས་ལེགས་སོ་ཞེས་བྱ་བ་དབུལ་ན། གང་དེ་བཞིན་གཤེགས་པ་ལ་ཆུད་ཅིང་བསྙེན
68b2 བཀུར་བྱས་པ་དེ་བས་འདི་བསོད་ནམས་ཆེས་ལྷག་པར་བརྒྱ་ཕྲག་སྟོང་སྩོགས་པར་འགྱུར་རོ།། དེ་ལྟ་བས་ན་རིགས་ཀྱི་བུ་གང་དག་ང་ལ་སྐྱབས་སུ་སོང་བ་དེ་དག་གིས་མདོ་སྡེ་འདི་བྲི་བར་བྱ། བཅད་པར་བྱའོ།། དེ་ནས
68b3 བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་། འོད་འཕྲེང་དང་། གློག་གི་འོད་དང་། སྤྱན་རྣམ་པར་དག་པ་དང་། བྱམས་པ་དང་། མྱི་འཇིགས་མཛད་དང་། སྤྱད་རས་གཟིགས་དབང་ཕྱུག་དང་། མཐུ་ཆེན་ཐོབ་དང་།
68b4 འཇམ་དཔལ་དང་། སྤོབས་པ་དཔའ་བོ་དང་། སྒྲིབ་པ་ཐམས་ཅད་རྣམ་པར་སེལ་བ་དང་། སྤྱན་རས་གཟིགས་དང་ཀུན་ཏུ་བཟང་པོ་དང་། དེ་དག་ལས་སྩོགས་པ་བྱང་ཆུབ་སེམས་དཔའ་བྱེ་བ་ཁྲག་ཁྲིག་བརྒྱ
68b5 བཅུ་རྩ་བཞིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་སྲད་མའི་དུས་སླད་མའི་ཚེ། སྙིགས་མ་ལྔ་ལ་བབ་པ་ན་བདག་ཅག་གིས་མདོ་སྡེ་འདི་རྒྱས་པར་བགྱིའོ།།
68b6 བཅོམ་ལྡན་འདས་གང་མདོ་སྡེ་འདི་ལ་མོས་པའི་སེམས་ཅན་དེ་ནི། ཡོངས་སུ་མྱ་ངན་ལས་འདས་པར་རིག་པར་བགྱིའོ།། བཅོམ་ལྡན་འདས་སེམས་ཅན་དགེ་བའི་རྩ་བ་མ་སྐྱེད་པ་རྣམས་ཀྱི
68b7 ན་བར་མདོ་སྡེ་འདི་ཐོས་པར་མྱེ་འགྱུར་ཏེ། གང་དག་རྒྱ་ཆེར་འཇུག་པ་དེ་དག་གི་ཡོན་ཏན་གྱི་མཐའ་ནི་སྐལ་བ་བྱེ་བ་ཁྲག་ཁྲིག་བརྒྱ་ཕྲག་སྟོང་དུ་རྟོགས་པར་དགའ་ལགས་སོ།། དེ་ནས་བྱང་ཆུབ་སེམས་དཔའ་དེ
68b8 དག་ལེགས་སོ་ཞེས་བྱ་བ་གནང་སྟེ། རིགས་ཀྱི་བུ་དག་ལེགས་སོ་ལེགས་སོ།། དེ་ལྟར་ཁྱེད་རྣམས་ཀྱིས་བཅོམ་ལྡན་འདས་ཀྱི་བསྟན་པ་ལ་གཅེས་པ་འཛིན་པ་ལྟ་བུར་གྱིས་ཤིག། བཅོམ་ལྡན་འདས་ཀྱིས
68b9 དེ་སྐད་ཅེས་བཀའ་སྩ་ལད་ནས། བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་དང་ཐམས་ཅད་དང་ལྡན་པའི་འཁོར་ལྷ་དང་མྱ་དང་ལྷ་མ་ཡིན་དང་དྲི་ཟར་བཅས་པའི་འཇིག་རྟེནད་དེ་དག་བཅོམ་ལྡན་འདས་ཀྱིས