e-texts navigator
Collection
Volume
Page
Wylie

68a1 རྒྱལ་མཚན་དང་། བ་དན་ངག་གིས་མཆོད་པ་བགྱིད་པ་ལྟ་སྨོས་ཀྱང་ཅི་འཚལ་ཏེ། སེང་གེའི་སྒྲ་བསྤགས་པའི་མདོ་སྡེ་འདི་སེམས་ཅན་གང་གི་རྣ་བར་ཟློ་ཀྱི་འགྱུར་བ་དེ་ནི། བཅོམ་ལྡན་འདས་སངས་རྒྱས
68a2 ཐམས་ཅད་ཀྱིས་བྱིན་གྱིས་བརླབས་པ་ལགས་སོ།། དེ་ནས་བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་དེ་དག་ལ་ལེགས་སོ་བྱ་བ་གནང་སྟེ། རིགས་ཀྱི་བུ་ཇི་སྨྲས་པ་དེ་བཞིན་ཏེ། ལེགས་སོ་ལེགས་སོ།།
68a3 གང་དེ་བཞིར་གཤེགས་པའི་ཡང་དག་པའི་སེང་གེའི་སྒྲ་འདི་ཐོས་ནས་རབ་ཏུ་དང་བའི་སེམས་ཀྱིས་ལེགས་པ་ཞེས་བྱ་བ་འགའ་ཞིག་རྗེས་སུ་དབུལ་ན་ཡང་རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་དེ་དགེ་བའི་རྩ་བ་དང་པོར་དང་ལྡན
68a4 བ་མ་ཡིན་ཏེ། དེ་དག་ངས་ཡོངས་སུ་བཟུང་བ་ཡིན་རོ།། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བྱམས་པས་ཀྱང་མགྲོན་རྩ་གཉེར་བར་བྱེད་དོ།། དེ་དག་གིས་ངའི་བྱང་ཆུབ་ཕྲག་པ་ལ་ཁྱེར་བ
68a5 ཡིན་ནོ།། གང་སྙིགས་མ་ལྔ་དག་ལ་བབ་པའི་ཚེ་མདོ་སྡེ་འདི། ས་མོས་པའི་སེམས་ཅན་དེ་དག་ནི་ངས་ཡོངས་སུ་སྨྱིནད་པར་བྱས། པ་ཡིན་ཏེ། ཚེ་རབས་གཞན་དུ་ཡང་མྱི་འཕན་པས་ཡོངས་སུ
68a6 འཛིན་པར་འགྱུར་རོ།། དེའི་སྐྱེ་བ་རྒྱ་མཚོ་ལྟ་བུར་སྐམས་པ་ཡིན་ནོ།། བདུད་ཕམ་པར་བྱས་པ་ཡིན་ནོ།། ཉོན་མོངས་པ་ནམས་བསལ་བ་ཡིན་ནོ།། ཆོས་ཀྱི་ཆ་ཤི་ནང་དུ་བརྡུངས་པ་ཡིན
68a7 ནོ།། སྲིད་པ་གསུམ་རྣམ་པར་བཟློག་པ་ཡིན་ནོ།། ཕྱིར་རྒོལ་བ་རྣམས་ལ་ངེས་པར་རྒྱལ་བ་ཡིན་ནོ།། ཉོན་མོངས་པའི་ཚོགས་བཅོམ་པ་ཡིན་ནོ།། རིགས་ཀྱི་བུ་འམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས་སྟོང
68a8 གསུམ་གི་སྟོང་ཆེན་པོའི་འཇིག་རྟེནད་གྱི་ཁམས་གྲངས་མྱེད་པ་ཕྲག་བཅུའི་རྡུལ་ཕྲ་རབ་ཀྱི་རྡུལ་སྙེད་ཀྱི་བསྐལ་པར་དེ་བཞིན་གཤེགས་པ་ཐམས་ཅད་ལ་བདེ་བའི་ཡོད་བྱེད་ཐམས་ཅད་ཀྱིས་སྙེན་བཀུར་བྱེད་ཀྱང་། དེ་བ
68a9 གཤེགས་པའི་སྔོན་གྱི་རྣམ་པར་ཕུལ་བ་འདི་ཐོས་ནས་དད་པ་མྱི་བྱེད་ན། དེ་ཉེས་པ་ཆེ་བ་ཡིན་ནོ།། དེ་བཞིན་གཤེགས་པའི་བཀས་རིགས་ཀྱི་བུ་དེ་བཞིན་གཤེགས་པ་ལ་རིམ་གྲོར་བྱ་བས་རིམ་གྲོར་བྱེད་པ་དང




iiif viewer powered by OpenSeadragon

67b - 68b

Texts on this page

Ng13.2 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo