e-texts navigator
Collection
Volume
Page
Wylie

66b1 ཤེས་པ་དང་བྲལ་བ་དང་། རྒྱུ་རྐྱེན་དང་བྲལ་བ་དང་། ཚིག་མྱེད་པ་དང་། རྣམ་པར་རིག་པ་མྱེད་པ་དང་། ལྟ་བ་མྱེད་པ་དང་། ཐེར་ཟུག་ཏུ་གནས་པ་མྱེད་པ་དང་། ཚིག་གིས་བརྗོད་པ་མྱེད་པ་དང་། བརྡ་མྱེད་པ་དང་།
66b2 ཡི་གེ་གཅིག་ལ་འདི་སྟེ་སྟེ་ཡང་དག་པ་མ་ཡིན་པ་དང་། བསགས་པ་མྱེད་པའི་གནས་དང་ཡི་གེ་མྱེད་པ་དང་། གདུས་བ་མྱེད་པ་རྣམས་ལ་སུ་ཞིག་སྟོནད་སྙམ་དུ་ཤེས་ནས་རིགས་ཀྱི་བུ་བསྟནད་པ་མྱེད་པ་འདིར
66b3 སྟན་ཏོ།། དེ་ནས་བཅོམ་ལྡན་འདས་ཀྱི་མཐུས་བྱང་ཆུབ་སེམས་དཔའ་ལུས་འོད་གསལ་གྱིས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལ་ཏོ།། བཅོམ་ལྡན་འདས་ཀལ་ཏེ་ཆོས་ཐམས་ཅད་བསྟན་དུ་མ
66b4 མཆིས་པ་ལགས་ན་ཆོས་དེ་དག་ཐམས་ཅད་བལྐུག་པས་བསྟན་པར་འགྱུར་ལགས་སོ།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རིགས་ཀྱི་བུ་ཇི་སྐད་སྨྲས་པ་དེ་བཞིན་ཏེ། ལྐུག་པ་འབའ་ཤིག་གིས
66b5 མ་ཡིན་གྱི་སེམས་ཅན་ཐམས་ཅད་ཀྱང་མྱི་ཤེས་བཞིན་དུ་ཆོས་སྟོནད་པར་བྱེད་དོ།། གསོལ་པ། བཅོམ་ལྡན་འདས་ཇི་ལྟར་སེམས་ཅན་ཐམས་ཅད་མ་འཚལ་བཞིན་དུ་ཆོས་སྟོནད་པ
66b6 དེ་བཤད་དུ་གསོལ་ད་བདེ་བར་གཤེགས་པ་བཤད་དུ་གསོ་ལ་དང་།། དེ་སྐད་ཅེས་གསོསད་པ་དང་། བཅོམ་ལྡན་འདས་ཀྱིས་བྱང་ཆུབ་སེམས་དཔའ་ལུས་གསལ་ལ་འདི་སྐད་ཅེས་བཀའ
66b7 སྩལང་ཏོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་དམུས་ལོང་དག་ཉི་མ་ཤར་ཀྱང་གཟུགས་མཐོང་བར་མྱི་འགྱུར་ཞིང་། ཉི་མའི་འོད་ཅི་འདྲ་བ་ཡང་མྱི་ཤེས་ཏེ་ཇི་ལྟར་གཞན་དག་ཀྱིས་ཉི་མའི་མཚན་ཉིད་འདྲི་ལྟ་བུ་ཞིས
66b8 ཡིན་ནོ་ཞེས་བསྟནད་པ་དང་། དེ་ལྟར་གཞན་གྱི་སཱ་ལས་ཉི་མ་ཡིན་པར་མངོན་པར་ཞེན་ཏོ།། རིགས་ཀྱི་བུ་དེ་བཞིན་དུ་ཆོས་ཐམས་ཅད་ནང་དུ་འདུས་ཤིང་། དབྱིངས་ཀྱི་ནང་དུ་འདུས་ཏེ། དབྱིངས་མྱེད་ཅིང
66b9 ཡི་གེ་མྱེད་པ། ཡི་གེ་དང་བྲལ་བ། ཆོས་ཐམས་ཅད་བརྗོད་དུ་མྱེད་པ་ཡིན་ན་རྐྱེན་ཀྱི་དབང་གིས་སྨྲ་འབྱུང་བར་འགྱུར་རོ།། རིགས་ཀྱི་བུ་འདི་ལྟ་སྟེ་དཔེར་ན་རི་བྲག་དང་སཱ་ལ་བརྟེནད་ནས། བྲག་ཆ




iiif viewer powered by OpenSeadragon

66a - 67a

Texts on this page

Ng13.2 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo