e-texts navigator
Collection
Volume
Page
Wylie

66a1 སྐྲག་པར་མྱི་བྱ་དངང་བར་མྱི་བྱ། དངང་བར་འགྱུར་བར་མྱི་བྱ་སོམ་ཉི་མྱི་བྱ། ཐེ་ཙོམ་དུ་མྱི་བྱའོ།། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱི་ཡུལ་ནི་བསམ་མྱི་ཁྱབ་བོ།། སྨོན་ལམ་མི
66a2 ནི་བསམ་གྱིས་མྱི་ཁྱབ་བོ།། རྣམ་པར་འཕྲུལ་པ་ནི་བསམ་གྱིས་མྱི་ཁྱབ་བོ།། དོན་དེ་དག་ཡང་དག་པར་མཐོང་ནས་ཐེ་ཙོམ་མ་བྱེད་ཅིག། འོད་འཕྲེང་གང་འདི་ལྟར་དེ་བཞིན་གཤེགས་པ་ཤག་ཀྱ་ཐུབ་པས་ངའི
66a3 དྲུང་དུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་བཏང་བ་འདི་ཁྱོད་ཀྱིས་མཐོང་ངམ། གསོས་པ་བཅོམ་ལྡན་འདས་མཐོང་ལགས་སོ།། བདེ་བར་གཤེགས་པ་མཐོང་ལགས་སོ།། རིགས་ཀྱི་བུ
66a4 བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འདི་ལ་ངས་ཁྱོ་ད་འོངས་ཤེས་དེ་སྐད་དྲིས་ན། དེ་ཅང་མྱི་སྨྲ་བར་ཁ་རོག་འདུག་སྟེ། རིགས་ཀྱི་བུ་ངས་དོན་ཀྱི་དབང་འདི་མཐོང་ནས་འདིར་འཛུམ་པ་མཛད
66a5 ངོ་།། དེ་བཞིན་གཤེགས་པསམས་པའི་ལན་དེ་ཅིའི་ཕྱིར་འདྲི། མ་གསོལ་སྙམ་དུ་འཁོར་འདི་དག་ཐམས་ཅད་ཐེ་ཙོམ་དུ་གྱུར་ཏོ།། རིགས་ཀྱི་བུ་ངས་རྨས་པའི་ལན་སྐྱེས་བུ་དམ་པ་འདིས་ཅིའི་ཕྱིར
66a6 མ་གསོལ་ཅེན་འོང་བ་དང་འགྲོ་བ་མྱེད་པའི་ཆོས་རྣམས་ལ་བཅོམ་ལྡན་འདས་བདག་ལ་ཁྱོད་ཀ་ལས་འོངས་ཞེས་འོང་བ་རྙེད་པར་མཛད་དོ། སྙམ་མོ།། ཆོས་ཐམས་ཅད་བརྗོད་དུ་མ་མཆིས་པར་ཡང་གློ་བ
66a7 ཆུང་ད།། བཅོམ་ལྡན་འདས་ཀ་ལས་འོངས་ཤེས་བྱུང་བའི་གནས་ལ་བདག་གིས་གསོལ་པར་སྤྲོ་བ་མ་མཆིས་སོ།། སྙམ་དུ་སེམས་ཏེ། རིགས་ཀྱི་བུ་མདོར་ན་རིགས་ཀྱི་བུ་འདིས་ཆོས་ཐམས་ཅད་བསྟནང་དེ།
66a8 ཡང་དག་པའི་ཆོས་སྟོན་པ་ཡིན་ནོ།། རིགས་ཀྱི་བུ་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོས་ཡི་གེ་མྱེད་པའི་ཆོས་དང་། ཚིག་མྱེད་པ་དང་། བརྗོད་དུ་མྱེད་པ་དང་། ཡི་གེ་དང་བྲལ་བ་དང་། མཚན
66a9 མ་མྱེད་པ་དང་། མཚན་མ་དང་བྲལ་བ་དང་། བླང་བ་མྱེད་པ་དང་། བླང་བ་དང་བྲལ་བ་དང་། འོང་བ་མྱེད་པ་དང་། མཐོང་བ་མྱེད་པ་དང་། གནས་མྱེད་པ་དང་། སེམས་དང་ཡིད་དང་། རྣམ་པར




iiif viewer powered by OpenSeadragon

65b - 66b

Texts on this page

Ng13.2 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo