e-texts navigator
Collection
Volume
Page
Wylie

65a1 བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཆོས་འཕགས་ཞེས་བྱ་བ་ད་ལྟར་བཞུགས་ཏེ་འཚོ་ཞིང་ཀཞེས་ལ་ཆོ་སྟོནང་ངོ་ཏོ།། དེ་བཞིན་གཤེགས་པ་དེ་ལ་བལྟ་བ་དང
65a2 ཕྱག་བྱ་བ་དང་། བསྙེར་བཀུར་བྱ་བ་དང་། མཆོད་པར་བྱ་བའི་ཕྱིར་སོང་ཤིག། དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འཇིག་རྟེནད་ཀྱི་ཁམས་དེར་སོང་ནས། བཅོམ་ལྡན་འདས་ཆོས་འཕགས
65a3 དེའི་ཞབས་ལ་ཕྱག་འཚལ་ཏེ་ལན་བདུན་བསྐོར་བ་བྱས་ནས་ཕྱོགས་གཅིག་ཏུ་འདུག་གོ།། བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་ཕྱོགས་གཅིག་ཏུ་འདུག་པ་དང་། དེ་ནས་བཅོམ་ལྡན་འདས་དེ་བཞིན
65a4 གཤེགས་པ་ཆོས་འཕགས་དེས་བྱང་ཆུབ་སེམས་དཔའ་དེ་ལ་འདི་སྐད་ཅེས་བཀའ་སྩལ་ཏོ།། རིགས་ཀྱི་བུ་ཁྱོད་ཀ་ལས་འདིར་འོངས་དེ་ནས་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ། བཅོམ་ལྡན་འདས་ཀྱིས
65a5 བཀའ་སྩལ་པ། དེ་ལ་ཅང་མྱི་སྨྲ་བར་འ་རོག་འདུག་གོ།། དེའི་ཚེ་དེ་འཁོར་འདུས་པ་གང་ལྷ་དང་ཀླུ་དང་གནོད་སྦྱིན་དང་། སྤྲ་མ་དང་། ནམ་མཁའ་ལྡིང་དང་། མྱི་འམ་ཅི་དང་། ལོ་འཕྱེ་ཆེན་པོ་དང
65a6 མྱི་དང་མྱི་མ་ཡིན་པ་དེ་དག་འདི་སྙམ་དུ་སེམས་ཏེ། ཅིའི་ཕྱིར་བྱང་ཆུབ་སེམས་དཔའ་རྣམ་པར་རྒྱལ་བའི་ཕུང་པོ་འདི་འཇིག་རྟེ་དགསུ་མ་གྱིས་ཐམས་བཀའ་སྩལང་པ་ལ་ལན་མྱི་གསོལ་བར་ཁ་རོལ
65a7 འདུག། ཀྲི་ཅི་སྙམ་མོ།། དེ་ནས་བཅོམ་ལྡན་འདས་ཀྱིས་དེར་སེང་གེ་བསྒྱིངས་པ་ལྟ་བུས་ཕྱོགས་བཅུར་གཟིགས་ན། འཁོར་ཐམས་ཅད་ཐེ་ཙོམ་དུ་ཐུ་རང་པར་ཐུགས་སུ་ཆུང་ངས་འཛུམ་པ་མཛད་ངོ་།། བཅོམ་ལྡན་འང
65a8 དེ་བཞིན་གཤེགས་པ་ཆོས་འཕགས་དེ་འཛུམ་པ་མཛད་པའི་འོད་ཀྱི་སྡང་བ་གསེར་གྱི་ཁ་རོག་ལྟ་བུའི་འོད་གཟེར་བརྒྱ་སྟོང་ཕྲག་དུ་མས་ཕྱོགས་བཅུ་སྣང་བར་མཛད་ངོ་།། དེ་རས་སྐད་ཅིག་ར་ཉིད་ལ་ས་ཆེན་པོ་གཡོས་པར་གྱུར།
65a9 ཏོ།། ཕྱོགས་བཅུ་ནས་ཀྱང་བྱང་ཆུབ་སེམས་དཔའ་གཟུགས་དང་འ་རོག་དང་། ཚུལ་དུ་མ་འཆང་བ་དག་བཅོམ་ལྡན་འདས་ཀྱི་ཆོས་འཕྲུལ་ཆེན་པོ་དེ་མཐོང་ནས་འཇིག་རྟེནད་ཀྱི་ཁམས་རེར་ཐམས་ཅད་འདུས་ཏེ་བཅོམ




iiif viewer powered by OpenSeadragon

64b - 65b

Texts on this page

Ng13.2 - 'phags pa seng ge'i sgra bsgrags pa zhes bya ba theg pa chen po'i mdo