e-texts navigator
Collection
Volume
Page
Wylie

258a1 འདི་ལྟ་བུའི་རྨང་དུ་བྱུང་བའི་ཆོས་འཕྲུལ་སྟོན་པར་མྱི་མཛད་ན།། བཙུན་པ་འདི་ལྟ་བུའི་ཆོ་འཕྲུལ་གྱི་རྒྱུ་གང་ལགས། རྐྱེན་གང་ལགས།། བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ་དགེ་སློང་དག་ཆོས་ཨུ།
258a2 འདི་ས་དུ་བྱུང་བའི་རྒྱུ་ཉན་པར་འདོད་དམ།། བཙུར་པ་དེ་ལྟར་འཚལ་ལོ།། དགེ་སློང་དེ་དག་དེའི་ཕྱིར། ལེགས་པར་རབ་ཏུ་ཉོན་ལ་ཡིད་ལ་ཟུང་ཤིཀ་དང་། ངས་བཤད་པར་བྱའོ།། དགེ་སློང་དག་བྱུང་བ་འདས་པའི་དུས་ན། རྒྱ
258a3 པོའི་ཕོ་བྲང་རིཥ་ཞེས་བྱ་བ་འབྱོར་པ། རྒྱས་པ་བདེ་བ་ལོ་ལེགས་པ། སྐྱེ་བོ་མང་པོ་དང་མྱིས་གང་བ་ཆུར་དཔག་ཚད་བཅུ་གཉིས། ཞེང་དུ་དཔག་ཚད་བདུན་པ། གྲུ་བཞི་པ་རྣམ་པར་བྱས་པ། གདུགས་དང་། རྒྱལ་མཚན
258a4 དང་། བ་དན་དང་། རྟ་བབས་བསླད་པ་ཞིང་བྱུང་བར་གྱུ་རད་ཏེ།། རྒྱ་ལ་པོའི་ཕོ་བྲང་དེར། རྒྱལ་པོ་དཔལ་གྱི་སྡེ་ཞེས་བྱ་བ། སྟོབས་ཀྱི་འཁོར་ལོ་སྒྱུར་བ། གཟུགས་བཟང་བ། མཛེས་པ། བལྟ་ན
258a5 སྡུག་པ། འདོག་བཟང་པོ་རྒྱས་པ་མཆོག་དང་ལྡན་པ།། རང་བ། ཞིན་གྱིས་སྐྱེ་བ་དྲན་པ། ཆོས་དང་ལྡན་པ། ཆོས་ཀྱི་རྒྱལ་པོ་དཚོ།། ས་ཀྱིས་འཇ་བུའི་གླིང་གི་དབང་ཕྱུག་གི་བདག་པོ་བྱེད་པ་ཞིག་བྱུ
258a6 བར་གྱུར་ད་ཏོ།། རྒྱལ་པོ་དཔལ་གྱི་སྡེའི་མཐུས་ཤིང་རྣམས་རྟགཏུ་མེ་ཏོག་དང་འབྲས་བུར་ལྡན་ཞིང་ལྷ་རྣམས་དུས་དུས་སུ་ཆར་ཡ་བདག་པར་འབེབས་ལ། ལེ་ཏོག་ཤི་ནད་ཏུ་ཕུན་སུམ་ཚོགས
258a7 པར་གྱུར་ད་ཏོ་སེམས་ཅན་རྣམས་ཀྱང་ནད་མྱེད་པར་གྱུར་ད་ཏེ། སེམས་ཅན་ཐམས་ཅད་ཀྱང་ཕན་ཚུན་བྱམས་པའི་སེམས་ཀྱིས་གནས་སོ།། རྒྱལ་པོ་དེའི་བཙུན་མོ་དམ་པའི་རྒྱལ་བ་དམ་པ་རྒྱལ་བའི་འོད་ཅེས
258a8 བྱ་བགཟུགས་བཟང་བ་མཛེས་པ། བལྟ་ན་སྡུག་པ། ཡན་ལག་དང་ཉིང་ལག་ཐམས་ཅད་ཚང་བ། ཡུལ་གྱི་བཟང་མོ་རྒྱལ་པོ་དཔལ་གྱི་སྡེའི་ཤི་ནད་ཏུ་འོང་བ་དང་། སྡུག་པ་དང་། ཕངས་པ་ཞིག་བྱུང་བར་གྱུར།
258a9 ཏོ།། དགེ་སློང་དག་རྒྱལ་པོ་དཔལ་གྱི་སྡེའི་འཛམ་བུའི་གླིང་གི་མྱི་ཐམས་ཅད་ལ་དཔྱ་དང་ཤོ་ཀམ་དང་། གྲུ་བཙས་མྱེད་དེ། ཞིད་ཀྱི་འབྱོར་པ་དང་ལྡན་པ། སྐྱེ་རྣམས་ཞི་བ། ཁྱིམ་བྱ་རྣམས་དང་ལྡན་པའི་ཡུལ་དང་།




iiif viewer powered by OpenSeadragon

257b - 258b

Texts on this page

Ng13.17 - dpal gyi sde'i rtogs pa brjod pa