| e-texts navigator |
| Wylie |
257a1 པར་བྱས་པ་དང་། ག་བསི་ལ་ས་བརླུང་ཀྱིས་བརྒྱད་འཕྲེང་གཏོང་བས་ཁྱབ་པར་གཉིད་ལོག་མྱུ་ང་བ་དགུ་འདག་མའི་མ་མོ་གཅེམ་བའི་ལམ་དུ་ཐལ་བ་དང་འདྲེས་རླུང་མར་དང་།། དྲག་པོས་གསོབ་ཅིང་དུང་ལ
257a2 ལྟེ་བའི་ལུས་ཀྱིས་སླར་ཡང་ཉལ་འགྱུར་ཏེ།། དེ་བས་འཚོ་བའི་འཇིག་རྟེན་སྐད་ཅིག་ཐར་ཅིག་གཡོ་བར་ཤེས་ཀྱིས་ལ།། ཕོངས་པའི་འབྲས་འབྱིན་འདོད་པ་སྤོངས་ལ་ཚངས་པའི་ཞི་ལ་རྟེན་པར་གྱིས།། དེ་ནས་བུ་མོ་རྣམས་ལ་མྱིག
257a3 སྟོང་ལྡན།། དགའ་བས་ལུས་ཀྱི་བ་སྤུ་ལྡང་གྱུར་ད་ཅིང་།། བརྩོན་ལ་མངོན་དགའི་སེམས་དང་སྐད་ཅིག་གིས།། སུམ་ཅུ་རྩ་གསུམ་མངོན་ཕྱོགས་སོང་བར་གྱུར་པ།། དེ་ནས་བུ་མོ་རྣམས་རབ་བྱུང་ཉེར་སོན་ཅིང་།། དེ་ཉིད་དོན་ལ་རྣམ
257a4 བརྟགས་བློ་མྱིག་དག་གྱུར་པས་ན་དྲེགས་པའི་ཆུ་བརླབས་གཡོ་འཞིང་འཇིགས་པར་བྱེད་པའི་སྡུག་བསྔལ་མཚོ་ཆེན་མཐའ་མྱེད་འཁོར་བ་རྒལ་བར་འགྱུར།། འགྲོ་བ་མ་རིག་མདོངས་པ་ཀུན་གྱིས་མྱིག་གཙི།།
257a5 པ།། རང་བཞིན་འགྲོ་དོན་རྣམ་འབྱེད་ངེས་པའི་བདག་ཉིད་ཀྱི།། ཐུབ་པས་སེམས་ཅན་རྣམས་ལ་ཚུལ་འདི་གསུངས་པས། སེམས། ཅན་རྣམས་ཀྱི་སྲིད་པའི་ཚེར་མ་ཟད་པར་ཤོག།།
257a6 གཞོན་ནུ་མ་བདུན་གྱི་རྟོགས་པར་བརྗོད་པ་རྫོགས་སྷོ།། ། སློབ་དཔོན་གསང་བས་བྱིན་གྱིས་མཛདསྒྱུར་བའི་དཔེ་དང་སྔ་ཕྱི་ཕྱིར་མྱི་མཐུན་པ་དང་། རྒྱ་གར་ཀི་ཚིག་གི་དོན་ཁ་ཅིག་མ
257a7 གསལ་བ་ད་རུང་ཡང་བསྟན་ལ་དབབ་རྒྱུ་མཆིས།། ། 9།། རྒྱ་གར་སྐད་དུཤྲི་སེ་མ་ཨ་བ་དཱ་ན། བོད་སྐད་དུ། དཔལ་གྱི་སྡེའི་རྟོགས་པ་བརྗོད་པ།། བཀོན་མཆོག་གསུམ་ལ་ཕྱག
257a8 འཚལ་ལོ།། གླེང་གཞི་གཉན་དུ་ཡོད་པ་ན་སྟེ། དེ་ནས་བཅོམ་ལྡན་འདས་ཀྱིས་དགེ་སློང་རྣམས་ལ་བཀའ་སྩལ་པ།། དགེ་སློང་དག་གལ་ཏེ་ཅི་ལྟར་ངས་སྦྱིན་པའི་འབྲས་བུ་ཡང་ཤེས་ལ་སྦྱིན་པའི་བགོ་བཤའི
257a9 འབྲས་བུ་རྣམ་པར་སྦྱིན་པ་ཡང་ཤེས་བཞིན་དུ་ག་སེམས་ཅན་རྣམས་ཀྱིས་ཀྱང་། སྦྱིར་བའི་འབྲས་བུ་ཡང་ཤེས་ལ། སྦྱིན་པའི་བགོ་བ་ཤའི་འབྲས་བུ་རྣམ་པར་སྨྱིན་པ་ཡང་ཤེས་སུ་ཟིན་ན་ནི། དེ་ལྟ་ན་ཁམ་གྱི