e-texts navigator
Collection
Volume
Page
Wylie

247a1 འཇི་ཀེན་གི་སློབ་མ་ཞེས་བྱ་སྟེ། སངས་རྒྱས་ཀྱི་སློབ་མ་མ་ཡིན་ནོ།། དེ་ལྟར་ཆོས་འཆད་པ་ནི་ཚེ་ཟད་ཀྱི་འོག་ཏུ་འཇི་གྱེན་ཇིའི་ལམ་དུ་སྐྱེའོ།། གང་ལས་པ་ཚོགས་པ་འཇི་གེ་ན་ཛིའི་ལམ་ཡིན
247a2 ཞེས་བྱས་ན། ཡོན་པོ་མཐོང་བ་འཇི་གན་ཇིའི་ལམ་ཡིན་ནོ།། ཀག་ལས་བསྡོགས་པ་ཡོན་པོ་མཐོང་བ་ཞེས་བྱས་ན། དེ་ནི་སེམས་ཅན་དམྱལ་བ་དང་། བྱོལ་སོང་དང་། ཡི་དགས་ཡིན་ནོ།། ཅིའི་ཕྱིར་ཞེ་ན།
247a3 རིའི་བུ་ལུས་ཀྱིས་ཆོས་མ་གྲུབ་པར་སྟན་མཐོན་པོ་ལ་འདུག། རང་གི་ལུས་ཀྱིས་མྱི་ཤེས་པར་མྱི་གཞན་ལ་ཆོས་སྟོན་པ་ན་སེམས་ཅན་དམྱལ་བར་ལྟུང་ངོ་།། ཤ་རིའི་བུ་དེ་ལྟ་བུའི་རྒྱུ་རྐྱེན་ནི་དེ་བཞིན་གཤེགས་པས་ཟད་པ།
247a4 མཁྱེནད་ཏེ། ངའི་སློབ་མ་རྣམས་ཀྱིས་སྒོམ་རྣམ་པ་མང་པོ་དང་རྒྱུ་རྐྱེན་རྣམ་པ་མཐོང་བ་དང་། མཐོང་བ་རྣམ་པ་མང་པོ་པྱོད་དེ། ངའི་དྲང་པོའི་ཆོས་མྱེད་པར་བྱས་སོ།། ཤ་རིའི་བུ་ལ་ལ་ཞིག་གིས་འདི
247a5 ལྟ་བུའི་ཆོས་ཀྱི་ཡི་གེའི་མཆོག་གི་གཞུང་གི་སྟོང་པ་ཅི་ཡང་མྱེད། པའི་ཆོས་ཐོས་ན། སེམས་དཀའ་བ་ཞིག་ཡོད་ན། དེ་ལྟ་བུའི་མྱི་ང་ནི་ཡང་དག་པར་ངའི་སློབ་མ་ཡིན་པར་མངོན་ནོ།། ཤ་རིའི་བུ
247a6 སྔ་མ་འདས་པའི་དུས་ན་དམུས་ཡོང་ལྔ་ཞིག་ཡོད་པ་ལམ་དུ་དོ་བ་ལས་མཁར་ཆེན་པོ་ཞིག་ཏུ་ཕྱིན་ནས་ཤིན་ཏུ་བཀྲེས་སྐོམ་སྟེ། ལོང་བ་མྱི་གཅིག་ཕྱི་ལོག་ན་རྫས་སྲུང་དུ་བཅུག། གཞན་མཁར
247a7 གྱི་ནང་དུ་ཟན་གྱི་ལྷག་མ་སྤོ་དུ་དོང་ནས། རིང་པོར་མ་ལོན་པར་མྱི་བརྫུན་པ་ཅིག་ནོར་སྲུང་བའི་ཀུན་དུ་འོངས་ཏེ་ཚིག་སྨྲས་པ། ཀེ་མྱི་འདི་ཅིའི་ཕྱི་ནས་འབའ་ཤིག། ཡན་སྨྲས་པ། བདག་ལ་གྲོགས་མང་དུ་ཡོད་དེ་མཁར་དུ
247a8 ཟན་སྐྲོང་དུ་འདོང་ངོ་།། མྱི་བརྫུན་པས་སྨྲས་པ། ཁྱོད་ཀྱིས་ཤེས་སམ་མྱི་ཤེས་པ་བིན་སྦྱིན་པ་ཆེན་པོ་བྱེད་དོ།། ཀོས་དང་ཟས་དང་རྒྱན་གི་ནོར་བུ་དང་།། མེ་ཏོག་དང་། སྤོས་དང་། ནོར་གོ་བདུན་ཡིད་བཞིན་དུ་ཐོབ་པར
247a9 རུང་ངོ་།། ཁྱོད་དོགོས་ན་ཁྱེད་དེར་བཀྲི་བར་རུང་ངོ་།། ལན་སྨྲས་པ་དེ་རུང་ངོ་།། དེ་ནས་མྱ་བརྫུན་པར་ལོང་བ་ཁྲིད་དེ་འདུག་པའི་གནས་ལས་ཆུང་ཟད་གཅིག་འཕགས་པ་དང་། ནོར་ཟད་པར་ཕྲོགས་ནས་ལོང་བ་གཞན




iiif viewer powered by OpenSeadragon

246b - 247b

Texts on this page

Ng12.5 - sangs rgyas kyi mdzod kyi chos kyi yi ge