e-texts navigator
Collection
Volume
Page
Wylie

219a1 ཡོན་པོ་མྱོང་བ་ཐམས་ཅད་ཀུན་ཕེབས་ཐུལ་ཏོ།། ཤ་ར་དྭ་ཏིའི་བུ་ངའི་འཕྲུལ་གྱི་ཆོས་འདིས་འདོད་ཆགས་ཐམས་ཅད་དང་། ཆོས་ཡོད་ཅེས་འཆད་པ་དང་། ཆོས་སོ་ཆོག་གི་ཡང་དག་པའི་བདེན་པའི་མཚན་མ་ལ་ཡིད
219a2 མྱི་ཆེས་མ་དད་པ་དང་། སངས་རྒྱས་ཀྱི་ཆོས་ལ་ཟློག་པ་ཀུན་ཕེབས་ཐུལ་པར་ནུས་སོ།། ཅིའི་ཕྱིར་ཞེས་བྱས་ན། ཤ་རིའི་བུ་སེམས་ཅན་ལ་ལ་ཞིག་བདག་ཏུ་ལྟ་བར་འཆད། གང་ཟག་ཏུ་འཆད། སེམས་ཅན་ཡོད་པར་འཆད་པ་དང
219a3 མྱེད་པར་འཆད་པ་དང་། རྟག་པ་སྙམ་དུ་འཆད་པ་ཡོད་པ་སྙམ་དུ་འཆད། མྱེད་པ་སྙམ་དུ་འཆད་ཅིང་ཆོས་རྣམས་འཆད་པ་དང་། བརྙན་པའི་མྱིང་དུ་འཆད་པ་དང་། འཆད་པ་ཀུན་ལ་སངས་རྒྱས་ལ་ཟློག་ཅིང་གལ་བ་སྟེ། སངས
219a4 རྒྱས་དང་ཅོད་པའོ།། ཤ་རིའི་བུ་ཆོས་ལ་ཅུང་ཟད་ཅིག་ཐོབ་པར་འཛི་ནད་པ་ཡན་ཆད་སངས་རྒྱས་དང་ཅོད་པའོ།། སངས་རྒྱས་དང་ཡོད་པ་ནི་ཀུན་ཡོན་པོའི་ལམ་ཏུ་འཇུག་པ་སྟེ། ངའི་སློབ་མའི་མ་ཡིན་ནོ།།
219a5 ངའི་སློབ་མ་མ་ཡིན་ན། མྱ་ངན་ལས་འདས་པ་དང་ཅོད་པ། སངས།། རྒྱས་དང་ཅོད་པ། ཆོས་དང་ཆོད་པ།། དགེ་འདུན་དང་ཅོད་པ་སྟེ།། ཤ་རིའི་བུ་དེ་ལྟར་མཐོང་བའི་མྱི་ནི་ངས་ཁྱིམ་ནས་བྱུང་ཞིང་ཚུལ་ཁྲིས
219a6 ནོད་དུ་མ་གནང་ངོ་།། ཤ་རིའི་བུ་དེ་ལྟར་མཐོང་བའི་མྱི་ནི་ངས་ཆུ་རྔུབ་རྩ་ཀ་དང་། ཡོན་ལེན་དུ་ཡང་མ་གནང་ངོ་པོ།། ཤ་རིའི་བུ་མྱི་ལ་ལ་ཞ་ཀ་དེ་ལྟ་བུར་མྱ་དགེ་བའི་འདོད་ཆགས་ཀྱི་དོན་བསལ་བཏང་བ་ནི་ངའི
219a7 ཆོས་ཀྱི་ནང་དུ་ཁྱིམ་ནས་བྱུང་ཞིང་ཆོས་ལ་འཆོལ་ཏེ། མྱ་ངན་ལས་འདས་པར་ཡང་མྱི་སེམས། མྱ་དྲན་ལས་འདས་པའི་སེམས་ཀྱང་མྱི་བྱེད། མྱ་ངན་ལས་འདས་པ་ལའང་མ་ཆགས་ཏེ། མཐུལ་ཡུན་ཏུ་སྟོང་པའི་ཆོས
219a8 ཀྱིས་མ་བསྡངས་མ་སྐྲག་པ་དེ་ལྟ་བུའི་མྱི་ཡང་ཆོས་ཀུན་འཆད་པའི་ཕྱིར། འཆོར་འགྲུས་ལ་གྱོད་ན་གྱི་དགེ་པ་ལ་འདོད་ཆགས་པ་དེ་ལྟ་བུའི་ལྕེ་སྨོས་ཀྱང་བ་དགོས་བདག་ཏུ་ལ་གས་ཆགས་པ་དང་། སེམ་པན་ལ་ལགས་པ་དང་གང་ཟག་ལ་ཆགས་པ་དང་རྣམ་ལ།
219a9 ཆགས་པ་དེས་བུའི་ཕྱིས་འདོད་ཆགས་ཀྱི་རྣམ་པ་བཅད་པའི་ཕྱིར་མཚན་མ་བྱེད་པའི་ཏིང་ངེ་འཛིདད་འགྲུབ་པར་སུན་སྦྱངས་ཏེ། མཆད་མ་བྱེད་པའི་ཏིང་ངེ་འཛིན་ལ་ཡང་མཚན་པ་མྱི་ལེད་ཏེ། གྱི་བ་ཅོམས་ཅག་ཐས་ཅད་ཀྱིས་ཅན་ཉིད་ཀུན་ལ་ན་ཉིདག་གི་མེད་པཔ་འོབ་སུ་ཆུད་པ་དོན་མཅན་ནི་བྱེད




iiif viewer powered by OpenSeadragon

218b - 219b

Texts on this page

Ng12.5 - sangs rgyas kyi mdzod kyi chos kyi yi ge