e-texts navigator
Collection
Volume
Page
Wylie

218a1 འགའ་ཙམ་ནགྱིལ་ལ་ཞིག་གིས་ལག་པས་ཆར་པའི་ཐིགས་པ་བཟེད་དེ་ལྷུང་ཞིང་ཟག་པ་མྱེད་ན། དེ་ཁྱོད་ཀྱི་ཡིད་ལ་ཅི་སྙམ་དཀོན་ནམ་མྱི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ཤ་རིའི་བུས་ཡང
218a2 དག་པར་གཤེགས་པས་བཤད་པ་ཆོས་སོ་ཆོག་ཀུན་ལ་སྐྱེ་བ་འང་མྱེད། འགོག་པ་འང་མྱེད། མཚན་མ་འང་མྱེད། བྱ་བ་འང་མྱེད་ན། མྱི་ཀུན་ཡིད་ཆེས་ཤིང་ཞེས་པར་བྱ་བ་ཕྱེད་ཀྱིས་ཡོད་དཀོན་ནོ།། ཤཱ་རིའི་བུ་རི་རབ་རིའི
218a3 རྒྱལ་པོའི་མཐོའ་ཞིང་ཆེ་བ་འམ་མྱི་ཆེ། བཅོམ་ལྡན་འདས་མཐོ་ཞིང་ཆེའོ།། ཤ་རིའི་བུ་གནམ་ངོས་བཞིའི་ནང་ནས་ཁྱབ་པར་རྡོ་ཆེན་པོའི་ཆར་བབ་སྟེ། ཀུན་རི་རབ་རིའི་རྒྱལ་པོ་ཙམ་ན་མྱི་ལ་ལ་ཞིག་གིས་ལག་པས་རྡོ་དེ་དག་བཟེད་ཅིང
218a4 བསྡུས་ཏེ། སྐྱེ་ཙེའི་འབྲས་བུ་ཙམ་ཡང་ལྷུང་ཞིང་ཟད་པ་མྱེད་དེ། ཁྱོད་ཀྱི་ཡིད་ལ་ཅི་སྙམ་ཡོད་དཀོན་ནམ་མྱི་དཀོན།། བཅོམ་ལྡན་འདས་དཀོན་ལགས་སོ།། ཤ་རིའི་བུ་ཡང་དག་པར་གཤེགས་པས་བཤད
218a5 པ་ཆོས་སོ་ཆོ་ག་ཀུན་ལ་སྐྱེ་བ་འང་མྱེད། འགོག་པ་འང་མྱེད། མ། ཚན་མ་འང་མྱེད། བྱ་བ་འང་མྱེད་ན། མྱ་ཀུན་ཡིད་ཆེས་ཤིང་ཞེས།། པས་བྱས་པས་ཕྱེད་ཀྱིས་ཡོད་དཀོན་ནོ།། ཤ་རིའི་བུ་དཔེར་ན་མྱི
218a6 ལ་ལ་ཞིག་གིས་སེམས་ཅན་ཐམས་ཅད་ལཀ་པ་གཡོན་པར་ཀཞག་ལག་པ་གཡས་པས་སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམ་ས་དང་། རི་རབ་དང་། ཆུ་བོ་དང་། ཆི་ཤིང་བཏགས་སྟེ། སེམས་ཅན
218a7 དེ་རྣམས་ཐམས་ཅད་མཐུན་པར་དཀའ་སྐྱིད་ཅིང་ཡིད་ལ་ཐ་དད་པ་མྱེད་པར་བྱ་ནུས་ལ། དེ་ཁྱོད་ཡིད་ལ་ཅི་སྙམ་ཡོད་དཀོན་ནམ་མྱི་དཀོན།། བཅོམ་ལྡན་འདས་དཀོན་ལགས་སོ།། ཤ་རིའི་བུ་ཡང་དག་པར་གཤེགས་པས
218a8 བཤད་པ་ཆོས་སོ་ཆོག་ཀུན་ལ་སྐྱེ་བ་འང་མྱེད། འགོག་པ་འང་མྱེད། མཚན་མ་འང་མྱེད། བྱ་བ་འང་མྱེད་ན། མྱི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་ཕྱེད་ཀྱིས་ཡོད་དཀོན་ནོ།། ཤཱ་རིའི་བུ་ཡང་དག་པར་གཤེགས་པས་བཤད
218a9 པ་ཆོས་ཀུན་ལ་ངོ་བོ་ཉིད་མྱེད་དེ། སྟོང་པ་ཅི་ཡང་མྱེད་པས། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་ཤིང་ཤེས་པར་དཀའོ།། དེ་ཅིའི་ཕྱིར་ཞེ་ན། ཤ་རིའི་བུ་ཆོས་དེ་ལ་འདུ་ཤེས་མྱེད་དེ་འདུ་ཤེས་སོ་ཆོག་དང་བྲལ་ལོ།།




iiif viewer powered by OpenSeadragon

217b - 218b

Texts on this page

Ng12.5 - sangs rgyas kyi mdzod kyi chos kyi yi ge