e-texts navigator
Collection
Volume
Page
Wylie

217a1 ཚོར་བ་འང་མྱེད། བརྟགས་པ་འང་མྱེད། ཅིས་བསྡུ་བ་འབྱེད། སེམས་ལའང་མྱི་འདུག། ཐོབ་པས་ཐོབ་པ་འང་མྱེད། ཚུ་རོས་ཀྱང་མྱེད། ཕ་རོལྡ་ཡང་མྱེད། རྣམ་པར་རྟོག་པའང་མྱེད། གཡོའ་བའང་མྱེད།
217a2 རང་བཞིན་ཡང་མྱེད་དེ། ཕྱི་མོ་ནས་རང་སྟོང་པས་བསམ་དུ་འང་མྱེད། དབྱུང་དུའང་མྱི་རུང་སྟེ། འཇིག་རྟེན་ཐམས་ཅད་ཀྱིས་ཡིད་ཆེས་པར་མྱི་ནུས་པ་དེ་ལྟ་བུའི་མྱིང་དང་། མཚན་མ་མྱེད་པའི་ཆོས་མྱིང་དང་། མཚན་མས་བཤད་དེ། དེ
217a3 ལྟ་བུ་ནི་ཆོས་སོ་ཆོག་ཀུན་སྐྱེ་བའང་མྱེད། འགོག་པ་འང་མྱེད། མཚན་མའང་མྱེད། བྱ་བའང་མྱེད་པས། མྱི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱ་བ་ནི་ཕྱེད་ཀྱིས་ཡོད་དཀོན་ནོ།། ཤ་རིའི་བུ་མྱི་ལ་ལ་ཞིག་གིས་རི་རབ་རིའི་རྒྱལ་པོ
217a4 བལྡད་ཏེ་མྱིད་ལ་ཞུ་ཞིང་ཟད་པར་མྱི་ནུས་ལ་ནམ་མཁའ་ལ་འཕུར་ཏེ་སོ་པན། གནོད་པར་བྱེད་པ་དེ་ཁྱོད་ཀྱི་ཡིད་ལ་ཅི་སྙམ་ཡོད་དཀོན་ནས་ཕྱི་ཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ཤ་རིའི་བུ་སངས
217a5 རྒྱས་རྣམས་ཀྱིས་བཤད་པ་ལ། ཆོས་སོ་ཆོག་ཀུན་སྐྱེ་བ་འང་མྱེད། འགོག་པ་འང་མྱེད། མཚན་མ་འང་མྱེད། བྱ་བ་འང་མྱེད་ན། མྱི་ཀུ་ན་ཡིད་ཆེས་ཤིང་ཤེས་པར་བྱས་པས་ནི་ཕྱེད་ཀྱིས་ཡོད་དཀོན་ནོ།།
217a6 ཤ་རིའི་བུ་དཔེར་མྱིའི་མཁར་ཆུ་ཞེང་མཐོན་དམན་དཔག་ཚད་རེ་རེ་ཡོད་ལ། སྒོ་བཞིར་མྱེ་ལྕེ་བྱུང་བ་ལ་མྱི་ཞིག་ཁུར་དུ་རཱ་སྐམ་པོ་ཁྱེར་ཏེ། དེའི་ནང་ནས་ཕར་རྒལ་བ་རླུང་དྲག་པོས་བུས་པའི་མྱེ་ལྕེ་དེའི་ལུས་བསྲེགས་ནས
217a7 སྱེ་དེས་མྱེས་ནའད་མ་ཚིག། ལུས་ཀྱང་མ་ཚིག་པར་བྱ་ནུས་ཏེ། དེའི་ནང་ནས་བྱུང་སྟེ། སྔོན་གྱི་དང་མྱི་མཚུངས་པར་མྱེད་པ་དེ་ཁྱེར་གྱི་ཡིད་ལ་ཅི་སྙམ་ཡོད་དཀོན་ནས་ཀྱི་དཀོན།། བཅོམ་ལྡན་འདས་དཀོན་ལགས་སོ།། ག་རི
217a8 བུ་ཡང་དག་པར་གཤེགས་པས་འཤད་པ། ཆོས་སོ་ཆོག་ཀུན་ལ་སྐྱེ་བ་མྱེད། འགོག་པ་མྱེད། མཚན་མ་མྱེད། བྱ་བ་མྱེད་ན། མྱི་ཀུན་ཡིད་ཆེས་ཤིང་ཞེས་པས་བྱས་པ་ཕྱེད་ཀྱིས་ཡོད་དཀོན་ནོ།། ཤ་རིའི་བུ་དཔེར་མྱི་ལ་ལ
217a9 ཞིག་གིས་རྡོལ་གཞིངས་སུ་བྱས་ཏེ། མཚོའི་ཚུ་རོལ་གི་འགྲམ་ནས་ཕ་རོལ་ཀྱི་འགྲམ་དུ་ཕྱིན་པར་རྒལ་མ། དེ་ཁྱོད་ཀྱི་ཡིད་ལ་ཅི་སྙམ་ཡོད་དཀོན་ནམ་ཀྱི་དཀོན། བཅོམ་ལྡན་འདས་དཀོན་ལགས་སོ།། ཤ་རིའི་བུ་ཡང་དང་།




iiif viewer powered by OpenSeadragon

216b - 217b

Texts on this page

Ng12.5 - sangs rgyas kyi mdzod kyi chos kyi yi ge