e-texts navigator
Collection
Volume
Page
Wylie

216b1 ཏིང་ངེ་འཛིནད་ནས་བྱུང་སྟེ། སངས་རྒྱས་ཀྱི་ཐད་དུ་སོང་ནས། ཕྲག་པ་གཡས་པ་ཕྱུང་སྟེ། མགོ་དང་གདོང་ཀས་ཕྱག་འཚལ་ནས། སངས་རྒྱས་ལ་གསོལྡ་པ།། བཅོམ་ལྡན་འདས་ཡང་དག་པར་གཤེགས་པས་བཤད་པར
216b2 ཆོས་སོ་ཆོག་ཀུན་སྐྱེ་བ་ཡང་མྱེད། འགོག་པ་འང་མྱེད། མཚན་མ་འང་མྱེད། བྱ་བ་བའང་མྱེད་ན། བྱི་རྣམས་ཡིད་ཆེས་ཤིང་ཞེས་པར་གྱིས་པ་ཡོད་དཀོན་ནོ།། སངས་རྒྱས་ཀྱིས་ཤ་རིའི་བུ་ལ་བཀའ་སཿལད་པ། ཁྱོད་ཀྱིས་བསོད་ནས
216b3 ཅི་ཞིག་མཐོང་ན་ཡང་དག་པར་གཤེགས་པས་བཤད་པས་ཆོས་སོ་ཆོ་ག་ཀུན་ལ་སྐྱེ་བ་མྱེད། འགོག་པ་མྱེད། མཚན་མ་མྱེད་བྱ་བ་མྱེད་ན། མྱི་ཀུན་ཡིད་ཆེས་ཤིང་ཤེས་པར་བྱས་པ་དཀོན་ནོ་ཞེས་བསྟོད།། ཤ་རིའི་བུས་སངས་རྒྱས
216b4 ལགསོལ་དཔ། བཅོམ་ལྡན་འདས་དབེན་པ་མ་མཆིས་ན། འཁོར་མོར་སེམས་འདི་སྙམ་བགྱིད་དོ།། བཅོམ་ལྡན་འདས་ཀྱིས་མྱོང་ད་མཚན་མ་མྱེད་པའི་ཆོས་ལ་ནི་བྱིང་དང་མཚན་མས་བཤད། ངག་དང
216b5 ཚིག་མྱེད་པའི་ཆོས་ལ་ནི། ངག་དང་ཚིག་གིས་བཤད་པ་དེའི་དོན་བསམ། ས་ན་ཡོད་དཀོན་པའི་སེམས་སྐྱེས་སོ།། སངས་རྒྱས་ཀྱིས་ཤ་རིའི་བུ། ལ་བཀའ་མཆལ་པ། དེ་ཡིན་ནོ་དེ་ཡིན་ནོ།། དོན་ཡོད་དཀོན་ཏེ།
216b6 རབ་ཏུ་ཡོད། དཀོན་པས་ན། སངས་རྒྱས་ཀྱི་བླ་ན་མྱེད་པ་གཡུང་དྲུང་གས་པའི་བྱང་ཆུབ་ཅེས་བྱའོ།། ཤ་རིའི་བུ་དཔེར་ན་རི་མོ་མཁས་པས་ནམ་མཁའ་ལ་བྲིས་ཏེ། ཁ་དོག་དང་གཟུགས་རྣམ་པ་ཅི་ཡང་སྡང་བ
216b7 བྱས་ན། ཁྱོད་ཀྱི་ཡིད་ལ་ཅི་སྙམ་རི་མོ་མཁན་དེ་ཡོད་དཀོན་ནམ་མྱི་དཀོན།། བཅོམ་ལྡན་འདས་དཀོན་ལགས་སོ།། ཤ་རིའི་བུ་ཡང་དག་པར་གཤེགས་པས་འཐོབ་པའི་བླ་ན་མྱེད་པ་གཡུང་དྲུང་རྫོགས་པའི་བྱང་ཆུབ་ཀྱིས་ཆོས་སོ
216b8 ཆོ་ག་ལ་སྐྱེ་བ་མྱེད་པ་འགག་པ་འང་མྱེད། མཚན་མ་འང་མྱེད། བྱ་བ་འང་མྱེད་པར་བཤད་ན། མྱི་ཀུན་ཡོད་ཆེས་ཤིང་ཤེས་པར་བྱས་པས་ནི་ཕྱེད་ཀྱིས་ཡོད་དཀོན་ནོ།། དེ་ཅིའི་ཕྱིར་ཞེས་བྱས་ན། མྱིང་དང་མཚན་མ་མྱེད་པའི་ཆོས
216b9 ལ་བསམ་ལའང་མྱེད། ཐོབ་པ་འང་མྱེད། སྤྱད་པ་འང་མྱེད། བསམ་གྱིས་མྱི་ཁྱབ་ཅིང་སེམས་ཀྱིས་གནས་ཤིང་རྟེན་པ་འང་མ་ཡིན། འདྲན་ཐོར་དུ་བརྗོད་པའང་མྱེད། འདྲན་ཐོར་དུ་བརྗོད་ཅིང་རྟེན་གནས་སུ་རུང་བའང་མ་ཡིན།




iiif viewer powered by OpenSeadragon

216a - 217a

Texts on this page

Ng12.5 - sangs rgyas kyi mdzod kyi chos kyi yi ge