e-texts navigator
Collection
Volume
Page
Wylie

215b1 འབྲས་བུ་ཡོད་པར་འགྱུར་ལ། ཤིང་གང་དག་ཆུ་དྲོན་པོ་དེས་བདེ་བར་སྐྱེ་བར་མྱི་འགྱུར་བ་དེ་དག་ནི་ལོ་མ་མྱེད་པ་དང་། མེ་ཏོག་མྱེད་པ་དང་། འབྲས་བུ་མྱེད་པར་འགྱུར་ཏེ། རྒྱུ་དེས་ན། དཀུན་ཤིང་ཁ་ཅིག་ལོ་མ་ཡོད་པ་དང་། མེ་ཏོག་ཡོད།
215b2 པ་དང་། འབྲས་བུ་ཡོད་པར་འགྱུར་ལ། ཤིང་ཁ་ཅིག་ལ་ལོ་མ་མྱེད་པ་དང་། མེ་ཏོག་མྱེད་པ་དང་། འབྲས་བུ་མྱེད་པར་འགྱུར་རོ།། ཅིའི་ཕྱིར་རས་བལ་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་པ་དང་པོའི་མྱི་རྣམས་ཀྱི་དཔག་པས
215b3 ཀྱི་ཤིང་ལས་རས་བྱུང་བ་གང་ཡིན་པ་དེའི་རྒྱུ་མཐུན་པ་ལས་བྱུང་བ་དེ་ནི་དེ་ཡིན་ཏེ། རྒྱུ་དེས་ན། རས་བལ་ཞེས་བྱའོ།། ཅིའི་ཕྱིར་རྐུན་ཞེས་བྱ་ཞེ་ན། སྨྲས་པ། བསྐལ་པ་དང་པོ་པའི་མྱི་རྣམས་ཀྱི་ནགས་ཀྱི་སུམ་བུར་གྱུར་པ
215b4 གང་ཡིན་པ་དེའི་རྒྱུ་མཐུན་པ་ལས་བྱུང་བ་དེ་ཡིན་ཏེ། ཆུ་དེས་ན། རྒུན་ཞེས་བྱའོ།། ཅིའི་ཕྱི་ཉིཁ་ཅིག་ཀྱེ་གུར་འདུག་ལ། ཁ་ཅིག་དྲང་པོར་འདུག་ཅེ་ན། སྦས་པ་རླུང་གི་དབང་གིས་འགྱུར་ཏེ། ཤིང་གང་དག་ལ་རླུང་རྣམས་མཐུས
215b5 བར་གྱུར་ད་པ། དེ་དག་ནི་དྲང་པོར་འདུག་གོ།། ཤིང་གང་དག་རླུང་ན། མས་ཀྱི་མྱི་མཐུན་པར་གྱུར་པ་དེ་དག་ནི་ཀྱེ་ཀུར་འདུག་སྟེ། རྒྱུ་དེས་ན་ཤིང་ཁ་ཅིག་གྱེ་གུར་འདུག་ལ། ཁ་ཅིག་དྲང་པོར་འདུག་གོ།། ཅིའི་ཕྱིར
215b6 ཆུ་གཅིག་གིས་བརླན་པའི་ས་ཕྱོགས་གཅིག་ཏུ་ཤིང་ཁ་དོག་དག་སྣ་ཆོག། ས་དང་། རྟགས་སྔ་ཚོགས་དང་། དབྱིབས་སྣ་ཚོགས་སུ་གྱུར་ད་ཏེ། དོག་སྔ་ཅིག་པར་མ་གྱུ་རང་། རྟགས་གཅིག་པར་མ་གྱུརང་། དབྱིབས་ཀྱི།
215b7 པར་མ་གྱུར་ཅེ་ན། སྨྲས་པ། ས་བོན་གྱི་དབང་གྱིས་འགྱུར་ཏེ། ས་བོན་ཇི་ལྟར་འདུག་པ་དེ་བཞིན་དུ་ས་ཡང་སའི་བཅུད་ལེན་པར་བྱེད། ཆུ་ཡང་ཆུལི་བཅུད་ལེན་པར་བྱེད། མེ་ཡང་མེའི་བཅུད་ལེན་པར་བྱེད། རླུང་ཡང་རླུང་གི་བཅུད
215b8 ལེན་པར་བྱེད། རྒྱུ་དེས་ན། ཆུ་གཅིག་གིས་བརླན་པའི་ས་ཕྱོགས་ཅིག་ཏུ་ཤིང་ཁ་དོག་སྣ་ཚོགས་དང་། དབྱིབས་སྔ་ཚོགས་སུ་གྱུར་ད་ཏེ། ཁ་དོག་གཅིག་པར་མ་གྱུར་པ། རྟགས་ཅིག་པར་མ་གྱུ་རང་། དབྱིབས་ཅིག་པར་མ་གྱུར་ཏོ།།
215b9 ཅིའི་ཕྱིར་ཤིང་ཐམས་ཅད་ལ་འབྱུང་པོ་ཡོད་པར་འགྱུར་ཏེ། འབྱུང་པོ་རྣམས་ཀྱིས་བདེན་པར་མ་གྱུར་པ་ཅེ་མ། སྨྲས་པ། འཇིག་རྟེན་ཆགས་པའི་ཚེ་ན། ཞིང་སྡང་བར་བྱེད་པའི་འབྱུང་པོའི་བདག་པོ་ཞིག། ཙན་དན་གྱི་ཤིང་ཆེན




iiif viewer powered by OpenSeadragon

215a - 216a

Texts on this page

Ng12.4 - rgyu gdags pa