e-texts navigator
Collection
Volume
Page
Wylie

215a1 དེ་གྲུབ་པར་གྱུར་ད་ཏེ། རྒྱུ་དེས་ན། ལྷ་མ་ཡིན་གྱི་རིས་ཀྱི་ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་པ་ཏ་ལི་སྣ་ཚོགས་དང་། དེ་དག་གི་མཆོག་ཅེས་བྱའོ།། ཅིའི་ཕྱིར་སུམ་བཅུ་རྩ་གསུམ་པའི་ཤིང་ཐམས་ཅད་ཀྱི་ནང་ནས།
215a2 ཤིང་ཡོངས་འདུས་བཏོལ་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྤྲས་པ། འཇིག་རྟེན་ཆགས་པའི་ཚེ། ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་བའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ། ཕྱོགས་དེར་རླུང
215a3 གིས་བསུས་ནས། དེ་ལས་དེ་གྲུབ་པར་གྱུར་པ་ཏེ། རྒྱུ་དེས་ན། སུམ་བཅུ་རྩ་གསུམ་པའི་ཤིང་ཐམས་ཅད་ཀྱི་ནང་ན། ཤིང་ཡོངས་འདུས་བརྟོས་དེ་དག་གི་མཆོག་ཅེས་བྱའོ།། ཅིའི་ཕྱིར་སོས་ཀ་དང་དབྱར། ཤིང་ཁ་ཅིག་ལོ་མ་ཡོད
215a4 པ་དང་། མེ་ཏོག་ཡོད་པ་དང་། འབྲས་བུ་ཡོད་པར་འགྱུར་ལ། ཁ་ཅིག་ནི་ལོ་མ་མྱེད་པ་དང་། མེ་ཏོག་མྱེད་པ་དང་། འབྲས་བུ་མྱེད་པ་ར་འགྱུར་ཞེ་ན། སྨྲས་པ་ཟླ་བ་དྲུག་ཉི་མ་བྱང་ཕྱོགས་ན་འདུག་སྟེ།
215a5 བྱང་ཕྱོགས་ན་འདུག་པ་ན། དཔག་ཚད་བཞི་ཁྲི་ནས་ཉི་མའི་འོད། ཟེར་རྣམས་བྱུང་ནས། གླིང་རྣམས་སུ་བབ་སྟེ། དེས་ན་རྒྱ་མཚོ་ཆེན། པོའི་བསིལ་བར་འགྱུར་ལ། ཆུ་བསིལ་བ་དེ་ཡང་གླིང་རྣམས་ཀྱི
215a6 ནང་དུ་འགྲོ་སྟེ། ཤིང་གང་དག་ཆུ་བསིལ་བ་དེར་བདེ་བར་འགྱུར་བའི་ཤིང་དེ་དག་ནི། ལོ་མ་ཡོད་པ་དང་། མེ་ཏོག་ཡོད་པ་དང་། འབྲས་བུ་ཡོད་པར་འགྱུར་ལ། ཤིང་གང་དག་ཆུ་བསིལ་བ་དེས་བདེ་བར་སྐྱེ་བ་རལ
215a7 མྱི་འགྱུར་བ་དེ་དག་ནི་ལོ་མ་མྱེད་པ་དང་། མེ་ཏོག་མྱེད་པ་དང་། འབྲས་བུ་མྱེད་པར་འགྱུར་ཏེ། རྒྱུ་དེས་ན། སོས་ཀ་དང་དབྱར། ཤིང་ཁ་ཅིག་ནི་ལོ་མ་ཡོད་པ་དང་། མེ་ཏོག་ཡོད་པ་དང་། འབྲས་བུ་ཡོད་པར་འགྱུར་ལ། ཤ
215a8 ཁ་ཅིག་ནི་ལོ་མ་མྱེད་པ་དང་། མེ་ཏོག་མྱེད་པ་དང་། འབྲས་བུ་མྱེད་པར་འགྱུར་ཞེ་ན། སྨྲས་པ། ཟླ་བ་དྲུག་ཉི་མ་ལྷོ་ཕྱོགས་ན་འདུག་སྟེ། ལྷོ་ཕྱོགས་ན་འདུག་པ་ན། དཔག་ཚད་བཞི་ཁྲི་ནས། ཉི་མའི་འོད་ཟེར་རྣམས་བྱུང་ནས
215a9 རྒྱ་མཚོ་ཆེན་པོར་འབབ་སྟེ། དེ་ནས་རྒྱ་མཚོ་ཆེན་པོའི་ཆུ་དྲོ་བར་འགྱུར་ལ། ཆུ་དྲོན་པོའི་དེ་ཡང་ཀྲི་རྣམས་ཀྱི་ནང་དུ་འགྲོ་སྟེ། ཤིང་གང་དག་ཆུ་དྲོན་པོ་དེས་བདེ་བར་སྐྱེ་བར་འགྱུར་བའི་ཤིང་དེ་དག་ནི་ལོ་མ་ཡོད་པ་དང་། མེ་ཏོག་ཡོད་པ་དང་།




iiif viewer powered by OpenSeadragon

214b - 215b

Texts on this page

Ng12.4 - rgyu gdags pa