e-texts navigator
Collection
Volume
Page
Wylie

214b1 ངག་ཡིན། མཚན་མ་ནི་ཀང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་གཟུགས་བཟང་ཞིང་བལྟ་ན་སུག་པ་ལ་མཛེས་པ་དང་། ཁ་ན་མ་ཐོ་བ་མྱེད་པ་དང་། བདེན་པར་སྨྲ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ལྷ་དག།
214b2 ཀི་ནང་ནས་ཤི་འཕོས་པ་ཡིན་ཏེ། ལྷ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་ལ་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། དེ་རྣམས་དང་ལུས་ཐོབ་པ་གཞན་དག་ཀྱང་། རྟོགས་པ་བྱས་ནས་གཞི་ཀྱི
214b3 སྨྲ་བ་བཞིན་དུ་བརྗོད་པར་བྱས་ཏེ། ཡི་གེ་མངས་སུ་དོགས་པའི་ཕྱིར་ས་སྨོས་སོ།། ཆོས་མངོན་པའི་མསན་ཆོས་ཆེན་པོ་ལས་རྒྱུ་གདགས་པ་ལས་ཚིགས་བཅོ་བརྒྱད་པའོ།། སྡོམ་ནི། ཤིང་།
214b4 བཞི་དང་ནི་ལོ་མར་བཅས། རས་པལ་རྒྱུན་དང་ཀྱེ་གུ་དང་།། དེ་བཞིན་དྲང་པོ་ཕྱོགས་གཅིག་དང་། འབྱུང་བཅས་འདི་ནི་ཚོགས་མཐའ་རྫོགས། ཅིའི་ཕྱིར་འཛམ་བུ་གྲིབ་པའི་ཤིང་ཐམས་ཅད་ཀྱི་ནང་ནས་ཤིང་འཛམ་བུ་དེ་ད
214b5 མཆོག་ཅེས་བྱ་ཞེ་ན། སྤྲས་པ། འཇིག་རྟེན་ཆགས་པའི་ཚེ། 9མས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ། ཕྱོགས་དེར་རླུང་དེ་དག་གིས་བསྡུས་ནས
214b6 དེ་ལས་རེ་གྲུབ་པར་གྱུར་ད་ཏེ། ཆུ་དེས་ན། འཛམ་བུ་གླིང་གི་ཞྀ་ཐམས་ཅད་ཀྱི་ནང་ན། ཤིང་འཛམ་བུ་དག་ནི་མཆོག་ཅེས་བྱའོ།། ཅིའི་ཕྱིར་རྒྱ་མཚོའི་འགྲས་ཀྱི་ཤིང་ཐམས་ཅད་ཀྱི་ནང་ན། ཤིང་ཞལ་མ་མཛན
214b7 པོ་དེ་དག་གི་མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་ཆགས་པའི་ཚེ། ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་གང་ཡིན་པ་དེ། ཕྱོགས་དེར་རླུང་གིས་བསྡུས་ནས། དེ་ལས་དེ་གྲུབ་པར།
214b8 གྱུར་ཏེ། རྒྱུ་དེས་ན། རྒྱ་མཚོའི་འགྲམ་གྱི་ཤིང་ཐམས་ཅད་ཀྱི་ནང་ན། ཤིང་ཤལ་མ་རི་མཐོན་པོ་དེ་དག་གི་མཆོག་ཅེས་བྱའོ།། ཅིའི་ཕྱིར་ལྷ་མ་ཡིན་གྱི་རིས་ཀྱི་ཤིང་ཐམས་ཅད་ཀྱི་ནང་ན། ཤིང་པ་ཏ་ལི་སྣ་ཚོགས་ཅན་དེ་དག་གི
214b9 མཆོག་ཅེས་བྱ་ཞེ་ན། སྨྲས་པ། འཇིག་རྟེན་ཆགས་པའི་ཚེ། ཁམས་ཀྱི་མཆོག་དང་། སྙིང་པོའི་མཆོག་དང་། བཟང་པོའི་མཆོག་དང་། ཟོང་གི་མཆོག་ཀར་ཡིན་པ་རེ། ཕྱོགས་དེར་རླུང་དག་གིས་བསྡུས་ནས། དེ་ལས




iiif viewer powered by OpenSeadragon

214a - 215a

Texts on this page

Ng12.4 - rgyu gdags pa