| e-texts navigator |
| Wylie |
214a1 ཆུ་ལ་དགའ་བ་དང་། སེར་སྣ་ཆེ་བ་དང་། ཡོ་བྱད་རྣམས་ཀུན་ཏུ་འཛིནད་པ་དང་། མྱི་སྟེར་བའི་རང་བཞིན་ཅན་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ཀླུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག
214a2 ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། དྲི་ཟ་དག་གི་ནང་ནས་ཤི་འཕོས་པའ་རྣམས་ཀྱི་རྣམ་པ་ནི་ཀང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་གཟུགས་བཟང་ཞིང
214a3 བལྟ་ན་སྡུག་ལ་མཛེས་པ་དང་། རོལ་མོ་ལ་སྲེད་པ་དང་། སིལ་སྙན་དང་། ཕེག་རྡོབ་པ་སྤྱོད་པ་དང་། རྩེད་མོ་ལ་སྲེད་པ་དང་། དཀའ་མགུར་སྤྱོད་པ་ལ་སྲེད་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་དྲི་ཟ་དག་གི་ནང་ནས་ཤི་འཕོས་པ
214a4 རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། ཡི་དགས་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང
214a5 དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྐྱེམ་པ་དང་། ངན་པ་ལ་དཀའ་བ་དང་། མདོག་ངན་པ་དང་། གསུས་པ་ཆེ་བ་དང་། པྲ་མ་ཟེར་བ་དང་། སེར་སྣ་ཆེ་བ་དང་། འཇུངས་པ་དང་། ཡོ་བྱད་རྣམས
214a6 ཀུན་ཏུ་འཛིནད་པ་དང་། ལག་གིས་ཁ་ཟས་རུལ་པར་བྱེད་པ་དང་། ཟས་མང་པོས་ཀྱང་མྱི་འདྲངས་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་ཡི་དགས་རྒྱནང་ནས་ཤི་འཕོས་པ་ཡིན་ཏེ། ཡི་དགས་དག་གི་ནང་ནས་ཤི་འཕོས་པ
214a7 རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། མྱི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ།
214a8 སེམས་ཅན་གང་དག་ལས་ལ་སྲེད་པ་དང་། བཟོ་ལ་སྲེད་པ་དང་། ཐབས་ཤེས་པ་དང་། ཕ་མ་ལ་གུས་པ་དང་། སྲྀ་ཞུ་ཆེ་བ་དང་། རྟོག་པའི་རང་བཞིན་དང་། དགེ་བ་གང་ཡིན་པ་ཚོལ་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་མྱི་དག་ན
214a9 ནང་ནས་ཤི་འཕོས་པ་ཡིན་ཏེ། མྱི་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། ལྦ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་ཀ