| e-texts navigator |
| Wylie |
213a1 སྤྲེའུ་འདྲ་བ་དང་། དམར་སེར་དུ་འདུག་པ་དང་། ཤིང་ལ་དགའ་བ་དང་། ཤིང་ཏོག་ལ་དགའ་བ་དང་། འཛེག་པ་ལ་དགའ་བ་དང་། ཤིང་ལ་འཛེག་པ་དང་། འཛེགས་ནས་ཀྱང་འཛེག་པ་ལ་ཡུན་མྱི་རིང་བ་དང
213a2 ཐམས་ཅད་དུ་ཡང་མལ་ཅིག་ན་མྱི་འདུག་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་སྤྲེའུ་དག་གི་ནང་ནས་ཡི་འཕོས་པ་ཡིན་ཏེ། སྤྲེའུ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག་ཡིན་ནོ།། རྟགས
213a3 ནི་དེ་དག་ཡིན་ནོ།། དོམ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་ཀ་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ།། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྲུ་འི
213a4 བ་དང་། སྦྲུམ་བ་དང་། སྤུ་བཤོར་བ་དང་། ངམ་སྦུར་ཅན་དང་། དུ་ཀ་རིང་ཅན་དང་། ལུས་འགུལ་བ་ཅན་དང་། དུ་ག་ཅན་དང་། ཤིང་ལ་དགའ་བ་དང་། ཤིང་ཏོག་ལ་དགའ་བ་དང་། འཛེག་པ་ལ་དཀའ་བ་དང
213a5 ཤིང་ལ་འཛེག་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་དོམ་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། དོམ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག་ཡིན་ནོ།། རྟགས་ནི
213a6 དེ་དག་ཡིན་ནོ།། ཅེ་སྤྱང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར
213a7 ཞིང་མགྱོགས་པ་དང་། སྤུ་རེང་བ་དང་། སྤུ་མང་བ་དང་། སྤུ་བཤོར་བ་དང་། གཡོའི་བྱེད་པ་དང་། གཡོན་ཅན་དང་། སྒྱུ་ཅན་དང་། དབེན་བྱེད་པ་དང་། འཚང་འདྲུ་བ་དང་། སྤྱོད་ཡུལ་སྐྱེན་པ་དེ་དག་ནི་ཉེ་ཞིང་དུབས་ཉེ་བམ
213a8 སྤྱང་དག་གི་ནང་ནས་ཤི་འཕོས་པ་ཡིན་ཏེ། སྱེ་སྤྱང་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། སྱད་ཀྱི་ངག་གནང་ནས་ཤི་འཕོས་པ་རྣམས་ཀྱི
213a9 པ་ནི་གང་དག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། སྤུ་རིང་བ་དང་། སྤུ་མང་བ་དང་། སྤུ་བཤོར་བ་དང་། གཙམ་བུ་དང་།