e-texts navigator
Collection
Volume
Page
Wylie

210b1 གང་དགུ་སྔོན་གྱིར་གྱུ་རད་པ་ན། ལུས་ཀྱི་ལས་དྲང་པོ་དང་། ངག་གི་ལས་དྲང་པོ་དང་། ཡིད་ཀྱི་ལས་དྲང་པོར་གྱུར་པ་དེ་དག་ལེགས་པར་སྤྱོད་པར་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས། ལུས་ཞིག་ནས་ཤི་བའི་འོག་ཏུ་འདྲེ
210b2 འགྲོ་མཐོ་རིས་ཀྱི་འཇིག་རྟེན་གྱི་ལྷ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར་ཏེ། ག་ལད་ཏེ་ནས་ཤི་འཕོས་ནས་ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེས་འདིར་ས་ཕྱོགས་གཤིན་པ། ཟས་དང་།
210b3 མོད་པ་དག་ཏུ་སྐྱེས་པར་གྱུར་ད་ཏེ། རྒྱུ་དེས་ནས་ཕྱོགས་གཤིན་པ་ཟས་དང་སྐོམ་མོད་པ་དག་ཏུ་སྐྱེ་བར་འགྱུར་རོ།། ཆོས་མངོན་པའི་བསྟན་ཆོས་དགེ་བ་དང་། མྱི་དགེ་བའི་རྒྱུ་དང་འབྲས་བུ་བསྟན་པ། རྒྱུ་གདགས་པ་ལས་ཚིགས
210b4 བཅུ་དྲུག་པའོ།། ། སྡོམ་ནི། སེམས་ན་དམྱལ་བ་སྦྲུལ་དང་བྱིབ་གྱི།། ཀླང་ཆེན་རྟ་དངརྔ་མོ་དང་།། ངབོང་བུ་རི་དགས་དང་།། ར་ལུག་ཁྲ་རྣམས་ཚོགས་ཀྱི་སྡོམ
210b5 སེམས་ཅན་དམྱལ་བ་དག་ནས་ཤི་འཕྲོས་པ་རྣམས་ཀྱི་རྣམ་པ་ནི་ཀ་བདག་ཡིན། མཚན་མ་ནི་གང་དག་ཡིན། རྟགས་ནི་གང་དག་ཡི། ན་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྐྱེས་པ་དང་། ངན་པ
210b6 ལ་དགའ་བ་དང་། མདོག་ངན་པ་དང་། འཇིགས་པ་དང་། @6ཚ་བ་དང་། སྔང་སྟེད་པ་དང་། འབྲོས་པ་དང་། སུས་མདོག་ཚིག་པ་ལྟར་འདུག་པ་དང་། རྨྱི་ལ་མ་ན་མྱེ་དང་། རལ་ཀྱི་དང་། མདུང་ཐུང་དང
210b7 མདའ་བོ་ཆེ་དང་། མཚོན་ནས་འབྲས་ལྟ་བུ་དང་། མདེའུ་ཟུང་དང་། ལུགས་ཟངས་དང་། ཁར་ཟངས་ཀྱི་ནང་དུ་བསྲེགས་པར་རྨི་བ་དེ་དག་ནི་ཉེ་ཞིང་དུབས་ཉེ་བར་སེམས་ཅན་དམྱལ་བ་དག་ནས་ཤི་འཕོས་པ་ཡིན་ཏེ། སེམས
210b8 དམྱལ་བ་དག་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་དེ་དག་ཡིན་ནོ།། མཚན་མ་ནི་དེ་དག་ཡིན་ནོ།། རྟགས་ནི་དེ་དག་ཡིན་ནོ།། སྦྲུལ་དག་གི་ནང་ནས་ཤི་འཕོས་པ་རྣམས་ཀྱི་རྣམ་པ་ནི་གང་དག་ཡིན། མཚན་མ་ནི་གང་དག
210b9 ཡིན། རྟགས་ནི་གང་དག་ཡིན་ཞེ་ན། སྨྲས་པ། སེམས་ཅན་གང་དག་ཤུགས་མྱུར་ཞིང་མགྱོགས་པ་དང་། རང་བཞིན་གྱིས་གཉིད་ཆེ་བ་དང་། རྒོད་བག་ཅན་དང་། ཁས་བུབ་ཏུ་ཉལ་བ་དང་། ཉལ་བ་ལ་རྟག་པ་དང་།




iiif viewer powered by OpenSeadragon

210a - 211a

Texts on this page

Ng12.4 - rgyu gdags pa