e-texts navigator
Collection
Volume
Page
Wylie

210a1 པ་དང་། སྤང་དགོད་མདུང་གསུམ་པ་ཆེན་པོ་དང་། སྲིན་གྱི་མྱེད་ལ་གཚོགས་པ་སྟེ། རྒྱུ་དེས་ན་དུག་དྲག་པར་གྱུར་ཏོ།། ཅིའི་ཕྱིར་དུཀ་དྲག་པར་མྱི་འགྱུར་ཞེ་ན། སྨྲས་པ། གནོད་སེམས་མྱེད་པའི་གས་ཆེ་བའི་ཕྱིར་རོ།
210a2 གཞན་ཡང་སེམས་ཅན་གང་དག་དུག་དྲག་པོ་མ་ཡིན་པ་དེ་དག་གི་ནང་ནས། ཉེ་ཞིང་དུ་བས་ཉེ་བར་གི་འཕོས་པ་རྣམས་ཡིན་ཏེ། དེ་དག་གང་ཞེ་ན། འདི་ལྟ་སྟེ། དྲང་སྲོང་རྣམས་དང་། རབ་ཏུ་བྱུང་བ་རྣམས་དང་། ཁྱིམ་བདག་རྣམས་དང་། གཟུགས
210a3 དང་། གཟུགས་མྱེད་པ་ན་པྱོད་པའི་ལྷ་རྣམས་ཏེ། རྒྱུ་དེས་ན་དུག་དྲག་པར་མྱི་འགྱུར་རོ།། ཅིའི་ཕྱིར་ཆུན་གནས་པའི་སེམས་ཅན་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན་གང་དག་སྐོམ་ཞིང་གདུངས་ལ
210a4 སྙོམས་ཏེ། ཆུ་འདོད་བཞིན་དུ་འཆི་བ་དེ་དག་ལུས་ཞིག་ནས་ཆུ་ན་གནས་པའི་སེམས་ཅན་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་རོ།། ཅིའི་ཕྱིར་བྱ་རྣམས་དང་སྐལ་བ་མཉམ་པར་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན
210a5 གང་དག་དོག་ཅིང་ཡོངས་སུ་གཟིར་བར་གྱུར་ད་ཏེ། གོ་སྐབས་ཡངས་པར་འདོད་བཞིན་དུ། འཆི་བ་དེ་དག་ལུས་ཞིག་ནས་བྱ་རྣམས་དང་སྐལ། བ་མཉམ་པར་འགྱུར་རོ།། འགྲོ་བ་དེར་སྦྱིན་པར་འགྱུར་བའི་ལས་ཤྲཱིང
210a6 བསཅགས་པ་ལས་ཀྱང་འགྱུར་ཏེ། ཆུ་ན་གནས་པ་རྣམས་དང་ཡང་དེ་བ་ཞིན་དུ་བརྗོད་པར་བྱའོ།། ཅིའི་ཕྱིར་ས་ཕྱོགས་བཀྲེན་པ་ཟས་དང་སྒོམ་ཉུང་བ་རྣམས་སུ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ།། སེམས་ཅན་གང་དག
210a7 སྔོན་མྱིར་གྱུ་རད་པ་ན། ལུས་ཀྱི་ལས་ཆུབ་པོ་དང་། ངག་གི་ལས་ཆུབ་པོ་དང་། ཡིད་ཀྱི་ལས་གྲུབ་པོར་གྱུར་པ་དེ་དག་ཉེ་བར་པྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པ་དེས་ལུས་ཞིག་ནས་ཤི་བའི་འོག་ཏུ་ངན་སོང་ངས
210a8 འགྲོ་ལོག་པར་ལྟུང་བ།། སེམས་ཅན་དམྱལ་བ་རྣམས་སུ་སྐྱེ་བར་འགྱུར་ཏེ། ག་ལད་ཏེ་དེ་ན་ས་ཤི་འཕོས་ནསུ་ཞུམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ནས། ལས་ཀྱི་ལྷག་མ་ལུས་པ་དེས་འདིར་ས་ཕྱོགས་བཀྲེན་པ་ཟས
210a9 དང་སྐོམ་ཉུང་བ་དག་ཏུ་སྐྱེ་བར་འགྱུར་ཏེ། རྒྱུ་དེས་ནས་ཕྱོགས་བཀྲེན་པ་ཟས་དང་། སྐོམ་ཉུང་བ་དག་ཏུ་སྐྱེ་བར་འགྱུར་རོ།། ཅིའི་ཕྱིར་ས་ཕྱོགས་གཤིན་པ་ཟས་དང་སྐོམ་མོད་པ་དག་ཏུ་སྐྱེ་བར་འགྱུར་ཞེ་ན། སྨྲས་པ། སེམས་ཅན




iiif viewer powered by OpenSeadragon

209b - 210b

Texts on this page

Ng12.4 - rgyu gdags pa