e-texts navigator
Collection
Volume
Page
Wylie

209b1 མང་དུ་བྱས་པས་ན་ལུས་ཞིག་ནས་ཤི་བའི་འོག་ཏུ་ངད་འགྲོ་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་རྣམས་སུ་སྐྱེས་ཏེ། དེ་དག་སེམས་ཅན་དམྱལ་བ་རྣམས་ནས་ཤི་འཕོས་ནས་ལུས་ཀྱི་ལྷག་མ་ལུས་པ་དེ།
209b2 དུད་འགྲོའི་སྐྱེ་གནས་སུ་སྐྱེ་བར་གྱུརྡ་ཏེ། དེར་ཁ་ཅིག་མི་རྭའི་སྟོབས་དང་ལྡན། ཁ་ཙཀ་ནི་སྡེར་མོའི་སྟོབས་དང་ལྡན། ཁ་ཙག་ནི་མཆེ་བའི་སྟོབས་དང་ལྡན་པར་གྱུ་རད་ཏེ། རྒྱུ་དེས་མཁ་ཅིག་ནི་རྭའི་སྟོབས་དང་། ཁ་ཅིག
209b3 ནི་སྡེར་མོའི་སྟོབས་དང་ལྡན། ཁ་ཅིག་ནི་མེཆེ་བའི་སྟོབས་དང་ལྡན་པར་གྱུར་ད་ཏོ།། ཅིའི་ཕྱིར་སྤུ་བཤོར་བར་གྱུར་ད་ཅེ་ན། སྨྲས་པ། སའི་ཁམས་ཤས་ཆེ་བའི་ཕྱིར་རོ།། གཞན་ཡང་སེམས་ཅན་གང་དག་སྔོན་མྱིར་གྱུར
209b4 པ་ན་ལུས་ཀྱི་ལས་མུབ་པ་དང་། ཡིད་ཀྱི་ལས་གྲུབ་པ་དེ་དགཉེས་པར་དཔྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ་མང་དུ་བྱས་པ་དེས་ཡུམ་ཞིག་ནས་ཤི་བའི་འོག་ཏུ། ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས
209b5 ཅན་དམྱལ་བར་རྣམས་སུ་སྐྱེས་ཏེ། དེ་དག་དེ་ནས་ནི་འཕོས་ན་གསད་ཏེ་གྱི་རྣམས་དཔསྐལ་པ་མཉམ་པར་འདིར་སྐྱེས་ན་ཡང་། ས་ཀྱི་ལྷག་མ་ལུས་པ་དེས་དྲུ་བཤོར་བར་གྱུར་ད་ཏོ།། ཅིའི་ཕྱི
209b6 སྤུ་འཇམ་པར་གྱུརྡ་ཅེ་ན། སྨྲས་པ། སེམས་ཅན་གང་དག་། ན་གྱི་མྱིར་གྱུར་ད་པ་ན། ལུས་ཀྱི་ལས་ཕུབ་པར་མ་བྱས། ངག་གི་ལས་ཆུབ་པར་མ་བྱས། ཡིད་ཀྱི་ལས་ཆུབ་པ་མ་བྱས་ཏེ
209b7 དེ་དག་ལེགས་པར་པྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ། མང་དུ་བྱས་པས་དེ་ལུས་ཞིག་ནས་ཤི་བའི་འོག་ཏུ་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་ལྷ་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་ནས་ཤི་འཕོས་ནས་གལ་ཏེ་མྱི་རྣཾས
209b8 དང་སྐལ་བ་མཉམ་པར་ཁམས་འདིར་སྐྱེས་ན་ཡང་ལས་ཀྱི་ལྷག་མ་ལུས་པ་དེས་སྤུ་འཇམ་པར་གྱུར་ཏེ། རྒྱུ་དེས་ན་སུ་འཇམ་པར་གྱུར་ཏོ།། ཅིའི་ཕྱིར་དུག་དྲག་པར་འགྱུར་ཞེ་ན། སྨྲས་པ། གནོད་སེམས་ཀྱི་འས།
209b9 ཤས་ཆེ་བའི་ཕྱིར་རོ།། གཞན་ཡང་སེམས་ཅན་གང་དག་དུག་དྲག་པ་དེ་དག་གི་ནང་ནས་ཉེ་ཞིང་དུབས་ཉེ་བར་ཤི་འཕོས་པ་རྣམས་ཡིན་ཏེ། དེ་དག་ཀྱང་གང་ཞེ་ན། འདི་ལྟ་སྟེ་སྦྲུལ་དང་སྡིག་པ་དང་། སྤང་དགོད་མུནྟ་གསུ




iiif viewer powered by OpenSeadragon

209a - 210a

Texts on this page

Ng12.4 - rgyu gdags pa