| e-texts navigator |
| Wylie |
209a1 པ་ཡང་ཀྱེ་ཀུ་ཅན་དུ་གྱུར་ནས། དེ་འདི་དག་འདི་སྐད་དུ་མཆུ་གཉིས་འཕྱང་ངོ་མཆུ་གཉིས་འཕྱང་ངོ་ཞེས་ཟེར་ནས།། དེ་དག་གིས་དེའི་མྱིང་རྔ་མོ་ཞེས་བཏགས་ཏེ། རྒྱུ་དེས་ན་རྔ་མོ་རྣམས་ཞེས་བྱའོ།། ཅིའི་ཕྱིར་བ།
209a2 ལང་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོའི་མྱི་རྣམས
209a3 ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་ཚོགས་ཀྱི་ནང་ནས་བྱུང་སྟེ། དགོན་པའི་གནས་དག་ན་རྒྱུ་ཞིང་སེམས་ཅན་དེ་ཚོགས་ཀྱི་ནང་ནས་བྱུང་ནས། དགོན་པའི་གནས་རྒྱུ་ཞིང་ཚོགས་ཀྱི་ན་དུ་མྱི་གནས་པའི་ཕྱིར་དེའི་མྱི་པ་ལང
209a4 ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་བ་ལང་རྣམས་ཞེས་བྱའོ།། ཅིའི་ཕྱིར་ཕྱུགས་ཞེས་བྱ་ཞེ་ན། སེམས་ཅན་ལས་ཤིནད་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས། འཇིག་རྟེན་གྱི་ཁས
209a5 འདིར་མྱི་རྣམས་དང་སྐལ་བ་མཉམ་པར་བསྐལ་པ་དང་པོ་པའི་མྱི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་དཀོན་པའི་གནས། རྣམས་སུ་རྒྱུ་བ་ན། མྱི་དེ་དག་གིས་བློ་ནས་འཛིན་ཅིང་ཀློ་ནས
209a6 འཛིན་པ་ནས། མྱིང་ཕྱུགས་ཤེས་བཏགས་ཏེ། རྒྱུ་དེས་ན་ཕྱུག་ས་རྣམས་ཤེས་བྱའོ།། ཅིའི་ཕྱིར་གླང་བུ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིནད་ཏུ་གནག་པ་དང་ལྡན་པ་ཞིག་འོད
209a7 གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐལ་པ་དང་པོའི་མྱི་རྣམས་ཀྱི་ནང་དུ་སྐྱེ་སྟེ། དེ་འདིར་སྐྱེས་ནས་ཤིན་ཏུ་སྟོབས་ཆེ་ཞིང་ཞལ་ཁྱེར་བའི་ཕྱིར།
209a8 མྱི་གླང་བུ་གླང་བུ་ཞེས་བྱ་བར་གྱུར་ཏོ།། རྒྱུ་དེས་ད་ཀྲུང་བུ་རྣམས་ཞེས་བྱའོ།། ཅིའི་ཕྱིར་སེམས་ཅན་ལ་ཅིག་ནི་རྭའི་སྟོབས་དང་ལྡན། ཁ་ཅིག་ནི་སྡེར་མོའི་སྟོབས་དང་ལྡན། ཁ་ཅིག་ནི་མཆེ་བའི་སྟོབས་དང་ལྡན
209a9 བར་གྱུར་ཅེན། སྤྲས་པ། སེམས་ཅན་གང་དག་སྔོན་གྱིར་གྱུ་རད་པ་ན། མཆོད་ཆས་བརྒྱན་པ་དང་། མཚོན་ཆས་ལག་པར་ཐོགས་པར་གྱུར་ཏེ། དེ་དག་ཉེས་པར་སྤྱོད་པ་ཀུན་ཏུ་བསྟེན་ཅིང་བསྒོམས་ཏེ།