e-texts navigator
Collection
Volume
Page
Wylie

208b1 དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་འདིར་ཀྱི་རྣམས་དང་སྐལ་བ་མཉམ་པར། བསྐལ་པ་དང་པོ་པའི་མྱི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས། དེས་ལག་པ་གཉིས།
208b2 ས་ལ་བཙུགས་ཏེ་དུད་དེ་འགྲོ་བ་ལས་མྱིང་དུད་འགྲོ་དུད་འགྲོ་ཞེས་བྱ་བར་གྱུར་ཏེ། རྒྱུ་དེས་ན་དུད་འགྲོ་རྣམས་ཞེས་བྱའོ།། ཅིའི་ཕྱིར་སྦྲུལ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་ལྡན་པ་ཞིག
208b3 འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐལ་པ་དང་པོ་པའི་ཕྱི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་ལག་པ་གཉིས་དང་། རྐང་པ་གཉིས་མྱེད་པར
208b4 གྱུར་ཏེ། དེ་ལྟོས་འཕྱེ་བར་གྱུར་ནས། དེ་དག་འདི་སྐད་དུ་སེམས་ཅན་འདི་ལྟོས་འཕྱེའོ།། སེམས་ཅན་འདི་ལྟོས་འཕྱེའོ་ཞེས་ཟེར་ནས། མྱིང་ལྟོས་འཕེ་ཞེས་བྱ་བར་གྱུར་ད་ཏེ། རྒྱུ་དེས་ན་སྤྲུལ་ཞེས་བྱའོ།། ཅིའི་ཕྱིར་གླང་པོ
208b5 ཆེ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤི་ནད་ཏུ་གནག་པ་དང་ལྡན་པ་ཞིག། འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཛི། ཀ་རྟེན་གྱི་ཁམས་འདིར་མྱི་རྣམས་དང་སྐལ་བ་མཉམ་པར་སྐལ
208b6 པ་དང་པོ་པཱ་གྱི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་དེས་ལ་ཀ་པ་གཉིས་ས་ལ་བཙུགས་ཏེ། དེའི་སྣ་ཡང་རིང་པོར་གྱུར་ད་ནས་ལཿབས་འགྲོ་ཞིང་ལག་པས་འོང་བས་མྱིང་གླང་པོ་ཆེ་གླང་པོ་ཆེ་ཞེས་བྱ
208b7 བར་གྱུར་ཏེ། རྒྱུ་དེས་ན་གླང་པོ་ཆེ་རྣམས་ཞེས་བྱའོ།། ཅིའི་ཕྱིར་རྟ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ཤིནད་ཏུ་གནག་པ་དང་ལྡན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས། འཇིག་རྟེན་གྱི་ཁམས་འདིར
208b8 མྱི་རྣམས་དང་ཞལ་བ་མཉམ་པར་སྤྲུལ་པ་དང་པོ་པའི་མྱི་རྣམས་ཀྱི་ནང་དུ་སྐྱེ་སྟེ། དེ་འདིར་སྐྱེས་ནས་དགོན་པའི་གནས་རྣམས་སུ་རྒྱུ་བར་གྱུར་དུ་ཏོ།། དེ་ནས་སེམས་ཅན་དེ་དག་གིས་མཐོང་ནས་འདི་སྐད་དུ། ཀྱེ་སུའི་ཞེས
208b9 བྱས་པ་དང་། སྨྲས་པ། ཀྱེ་འདི་ནི་སུའི་མ་ཡིན་ནོ་ཞེས་ཟེར་ནས་མྱིང་རྟ་རྟ་ཞེས་བྱ་བར་གྱུར་ད་ཏེ། རྒྱུ་དེས་ན་རྟ་རྣམས་ཤེས་བྱའོ།། ཅིའི་ཕྱིར་རྔ་མོ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ་དང་།
208b10 སྡོརན་པ་ཞིག་འོད་གསལ་གྱི་ལྷའི་རིས་ནས་ཤི་འཕོས་ནས་འཇིག་རྟེན་ཀྱི་ཁམས་འདི། མྱོ་རྣམས་དང་སྐལ་བ་མཉམ་པར་སྐལ་པ་དང་པོ་པའི་མྱི་རྣམས་ཀྱི་ནང་དུ་སྐྱེས་ཏེ། དེ་འདིར་སྐྱེས་ནས་མཆུ་གཉིས་འཕྱལ་ལ་འགྲིན




iiif viewer powered by OpenSeadragon

208a - 209a

Texts on this page

Ng12.4 - rgyu gdags pa