e-texts navigator
Collection
Volume
Page
Wylie

208a1 ཞེས་བྱ་ཞེ་ན། སྨྲས་པ། ཆོས་དངངང་ཚུལ་དང་། སྤྱོད་ཚུལ་ཀུན་ཏུ་བསྟན་པས་འཁོར་རངས་པར་བྱེད་པས་ན། དེའི་ཕྱིར་རྒྱལ་པོ་ཞེས་བྱའོ།། ཅིའི་ཕྱིར་རྒྱལ་རིགས་ཞེས་བྱ་ཞེན། ནིང་རྣམས་ཀྱི་བང།
208a2 པོར་གྱུར་པས་ན། དེའི་ཕྱིར་རྒྱལ་རིགས་ཞེས་བྱའོ།། ཅིའི་ཕྱིར་བྲམ་ཟེ་ཞེས་བྱ་ཞེ་ན། སྨྲས་པ། ཕྱི་རོལ་དུ་སེམས་པས་ན་བྲམ་ཟེ་ཞེས་བྱའོ།། ཅིའི་ཕྱིར་རྗེའུ་རིགས་ཞེས་བྱ་ཞེ་ན། ཉོན་མོངས་པ་རྣམ་པ་སྔ
208a3 ཚོགས་དང་ལྡན་པའི་ལས་བྱེད་པས་ན། དེའི་ཕྱིར་རྫེའུ་རིགས་ཞེས་བྱའོ།། ཅིའི་ཕྱིར་དམངས་རིགས་ཞེས་བྱ་ཞེ་ན། ངན་ལས་བྱེད་པ་དང་། གནོད་པའི་ལས་བྱེད་པས་ན། དེའི་ཕྱིར་དམངས་རིགས་ཞེས་བྱའོ།།
208a4 ཅིའི་ཕྱིར་གདོལ་པ་ཞེས་བྱ་ཞེ་ན། སྨྲས་པ། སྐལ་པ་དང་པོ་པ་མྱི་རྣམས་སུ་ཡང་ཕ་རོལ་གྱི་མྱི་ལེན་པ་ལས། ཕྱིས་མྱི་ཞིག་གིས་ཕ་རོལ་ཀྱིས་མ་བྱིན་པར་བླངས་ནས། དེ་རྒྱལ་པོའི་སྲུངས་མའི་མྱིས་བཟུང་སྟེ།
208a5 རྒྱལ་རིགས་སྤྱི་བོ་ནས་དབང་བསྐུར་བའི་རྒྱལ་པོ་ལ་ཕུལ་ནས་ལྷ་མ། ཁྱེན་པར་མཛད་དུ་གསོལ།། མྱི་འདིས་ཕྱི་རོལ་གྱི་མ་བྱིན་པར་བླངས།། ལགས་སོ།། རྒྱལ་པོས་དེ་དག་ལ་སྨྲས་པ། ཁྱེད་ངེད་ལ་མྱི
208a6 འདི་སོད་ཅིག་ཅེས་བྱས་ནས། མྱ་དེ་དག་ལས་སུ་ཡང་མྱི་དེ་གསོད་པར་སྤྲོབ་མ་བྱུང་བས། དེ་དག་ལ་སྤྱི་བོ་ནས་དབང་སྐུར་བའི་རྒྱལ་པོ་ས་འདི་སྐད་ཅེས་སྨྲས་ཏེ། སུ་མྱི་འདི་གསོད་པ་དེ་ངས་ནོར་གྱི་ཕུང
208a7 པོ་ཆེན་པོ་སྦྱིན་ནོ།། དེ་ནས་མྱི་གཞན་ནོར་དོན་ཏུ་གཉེར་ཞིང་ནོར་འདོད་ལ། ནོར་ལ་བརྐམ་ཞིང་ནོར་གྱི་ཉེས་སྡིག་ཅན་ཞིག་མྱ་བསད་དོ།། མྱ་དེ་བསད་ནས་དེ་དག་འདི་སྙམ་དུ་སེམས་ཏེ། མྱི་འདི་ནི་རྟུམ་པོ་ཞིག་སྟེ། འདི་ལྟར
208a8 ནོར་དོན་ཏུ་གཉེར་བ་དང་། ནོར་འདོད་པ་དང་། ནོར་ལ་བརྐོ་བ་དང་། ནོར་གྱི་ཉེས་སྡིག་གིས་མྱི་སུན་མ་བྱུང་བ་ཞིག་ཉེས་པ་མྱེད་པ་བསད་ཀྱིས། མྱི་འདི་ནི་དགོས་པ་མྱེད་དོ།། མྱི་འདི་ནི་རྟུམ་པོའོ་ཞེས་ཟེར་ནས། མྱི་གདོལ
208a9 པ་གདོལ་པ་ཞེས་བྱ་བར་གྱུར་ཏོ།། རྒྱུ་དེས་ན་གདོལ་པ་རྣཾས་ཞེས་བྱའོ།། ཆོས་མངོན་པའི་བསྟན་ཆོས་ཆེན་པོ་རྒྱུ་གདགས་པ་ལས། ཚིགས་བཅོ་ལྔ་པའོ།། །། སྡོམ་ནི། དུད་འགྲོ
208a10 སཱལ་དང་གླང་པོ་དང་།། རྔ་མོ་ལ་ཡང་ཕྱུགས་དང་གླང་།། ན་དང་འཇམ་དང་དྲག་པ་དང་།། མུ་གནས་འཀྲེན་འཚོགས་ཀྱི་སྡོམ།། ཅིའི་ཕྱི་དུད་འགྲོ་ཞེས་བྱ་ཞེ་ན། སྨྲས་པ། སེམས་ཅན་ལས་ཤིན་ཏུ་གནག་པ




iiif viewer powered by OpenSeadragon

207b - 208b

Texts on this page

Ng12.4 - rgyu gdags pa