| e-texts navigator |
| Wylie |
207b1 ཞེས་བྱ་ཞེ་ན། སྤྲས་པ། གསལ་ཞིང་རྙོག་པ་མྱེད་པའི་ཕྱིར་ལྷའི་བུ་མོ་ཞེས་བྱ་བ་དང་། བཀ་བྱེད་ཅིང་དགལ་བའི་གས་ཆེ་བའི་ཕྱིར་ལྷའི་བུ་མོ་ཞེས་བྱ་སྟེ། རྒྱུ་དེས་མ་ལྷའི་བུ་མོ་རྣམས་ཞེས་བྱའོ།།
207b2 རྒྱུ་གདགས་པ། བམ་པོ་། ཅིའི་ཕྱིར་མ་ཞེས་བྱ་ཞེ་ན། སྨྲས་པ། ནུ་འོ་སྣུན་པར་བྱེད་པ་དང་། གསོལ་བར་བྱེད་པའི་ཕྱིར་མ་ཞེས་བྱ་བ་དང་། མཁས་ཞེས་བློ་དང་ལྡན་པའི་ཕྱིར་མ་ཞེས་བྱས
207b3 དེས་ནས་ཞེས་བྱའོ།། ཅིའི་ཕྱིར་མ་ཞེས་བྱ་ཞེ་ན། སྨྲས་པ། སྐྱེ་བ་འགྲུབ་པ་ཅུ་རྒྱུད་ཀྱི་ལས་དང་། འབྲེལ་པའི་རྒྱུ་དང་པོ་དེ་མིན་པ་དང་། རྐྱེ་དེ་ཡིན་པས་ན་དེའི་ཕྱིར་པ་ཞེས་བྱའོ།། ཅིའི་ཕྱིར་ཞང་པོ་ཞེས་བྱ
207b4 ན། སྨྲས་པ་མ་དང་རིགས་གཅིག་ཏུ་འབྲེལ་པས་དེའི་ཕྱིར་འང་མོ་ཞེས་བྱའོ།། ཅིའི་ཕྱིར་ཞུབ་ཞེས་བྱ་ཞེན། ས་པྲ། སྐྱེད་པའི་ས་ས་པ་ཞེས་བཱ་སྟེ། འདི་ནི་བདག་གི
207b5 སོ་ཞེས་བྱ་བ་ནས་པའི་ཕྱིར་ཁུའོ་ཞེས་བྱའོ།། ཅིའི་ཕྱིར་ནུ། བོ་ཞེས་བྱ་ཞེ་ན། རིགས་ལས་སྐལ་བ་གཅོད་པས་ན་དེའི་ཕྱིར་ཕྲ་ནུ་ཞེས་བྱའོ།། ཅིའི་ཕྱིར་སྲིང་མོ་ཞེས་བྱ་ཞེ་ན། སྨྲས་པ
207b6 རིགས་པར་བཀུར་བསྟིར་བྱ་བ་དང་། བླ་མར་བྱ་བ་དང་། རི་མ་བྱ་བ་དང་། མཆོད་པར་བྱ་བ་དང་། རིམ་འགྲོར་བྱ་བའི་སེས་པ་དང་རབས་ན། དེའི་ཕྱིར་སྲིང་མོ་ཞེས་བྱ་མོ།། ཅིའི་ཕྱིར་མ་ལས
207b7 འོ་མ་འབྱུང་ལ། ཕ་ལས་མྱི་འབྱུང་ཞེ་ན། སྨྲས་པ། མའི་མངལ་ནས་སྐྱེ་བ་དང་འབྲེལ་པར་གྱུར་དཀྱི། པ་དང་འབྲེལ་པ་མྱེད་པའི་ཕྱིར་རོ།། གཞན་ཡང་ཆེས་ལྷག་པར་མ་གུ་ལ་བྱམས་ཀྱི། པ་དེ་ལྟ་མ་ཡིན
207b8 ཀྱི། རྒྱུ་དེས་ནམ་སས་འོ་མ་འབྱུང་ཀྱི། པ་ལས་ནི་མྱེ་འབྱུང་ངོ་།། ཅིའི་ཕྱིར་བུད་མྱེད་ལ་འགྲམ་སྤུ་དཔཁ་སྤུ་མྱེད་ཅེ་ན། སྨྲས་པ། མ་ནིང་བཞིན་དུ་དེའི་དབང་པོ་རྣམས་ཞན་པས་ན་དེའི་ཕྱིར་བུད་མྱེད་ལ
207b9 འགྲམ་སྲུ་དཔ་ཁ་སྤུ་མྱེད་དོ།། ཅིའི་ཕྱིར་མ་ནིང་ལ་འགྲམ་སྤུ་དང་ཁ་སྲུ་མྱེད་ཅེ་ན། སྨྲས་པ། བུད་མྱེད་བཞིན་དུ་དེའི་དབང་པོ་རྣམས་ཞན་པས། དེའི་ཕྱིར་འགྲམ་སྤུ་དང་ཁ་སྤུ་མྱེད་དོ།། ཅིའི་ཕྱིར་རྒྱལ་པོ།