e-texts navigator
Collection
Volume
Page
Wylie

207a1 མྱི་རྣམས་ལ་དྲོད་གཤེར་ལས་སྐྱེས་པའི་སྐྱེ་གནས་ཡོད་དོ།། མྱི་རྣམས་ལས་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན་བསྐལ་པ་དང་པོ་པ་ཐམས་ཅད་རྫུས་ཏེ་སྐྱེས་པ་ལྟ་བུ་དང་། དཔེར་ན
207a2 དགེ་སློང་མ་དགོན་པ་མ་སྐྲ་བྲེགས་ཤིང་གོས་ངུར་སྨྱིག་གྱོན་པ་བཞིན་དུ་གོན་པ་ནས་བྱུང་བ་ལྟ་བུའོ།། དེ་ལས་བསྩོགས་པ་གཞན་དག་ཀྱང་བརྗོད་པར་བྱའོ།། དེ་ལྟར་ན་གྱི་རྣམས་ལ་རྫུས་ཏེ་སྐྱེ་བའི་སྐྱེ་གནས་ཡོད་དོ།།
207a3 ཅིའི་ཕྱིར་སེམས་ཅན་དམྱལ་བ་རྣམས་ཞེས་བྱ་ཞེམ། སྨྲས་པ། ཡིད་དུ་འོང་བ་མྱེད་ཅིང་བདེ་བ་དང་། ཡིད་བདེ་བ་དང་བྲལ་བའི་ཕྱིར་ཏེ། རྒྱུ་དེས་ན་སེམས་ཅན་དམྱལ་བ་རྣམས་ཞེས་བྱའོ།། ཅིའི་ཕྱིར་དུད་འགྲོ་རྣམས་ཧཱུཾ།
207a4 བྱཱ་འོམ། སྤྲས་པ། དུད་འགྲོ་ཞིག་དུད་དེ་འོང་བས་མ། དེའི་ཕྱིར་དུང་འཚོ་རྣམས་ཞེས་བྱའོ།། ཅིའི་ཕྱིར་ཡི་དགས་རྣམས་ཞེས་བྱ་ཞེ་ན། སྨྲས་པ། བསྨཱར་ཡི་དགས་རྣམས་ཀྱི་རྒྱལ་པོ་གཤིན་རྗེ་ཛི་ལྟ་བ་བཞིན་དུ། རྡོརྗེ
207a5 ཚེ་དེའི་དུས་ན་ཡོ་དགས་རྣམས་ཀྱི་རྒྱལ་པོ་ཞེས་བྱ་བར་གྱུར་ཏེ། ཕའི་ཡུལ་ཏུ་འགྲོའོ།། པའི་ཡུལ་ནས་འོང་པོ་ཞེས་ཟེར་ནས། མྱིང་། ཡི་དགས་ཡི་དགྲས་ཞེས་བྱ་བར་གྱུར་ད་ཏེ། རྒྱུ་དེས་ན་ཡི་དགས
207a6 རྣམས་ཞེས་བྱའོ།། ཅིའི་ཕྱིར་གྱི་རྣམས་ཞེས་བྱ་ཞེན། སྭཱ་པ། རྒྱལ་པོ་པ་ལས་དུ་རེས་བསྟན་པའི་མྱི་རྣམས་མི་ལས་ཆེན་པོའི་ཅོག་ཟློས་བསྐྱེད་པ་དང་། བསམས་ཏེ་འཇམ་ཞིང་ཉེ་བར་1
207a7 ནས་བྱེད་པ་དང་། བརྟགས་ཤིང་གཞལ་ཏེ་ཉེ་བར་རྟོག་པར་བྱེད་པས་ན། མྱིང་མྱི་ཞེས་བྱ་བར་གྱུར་ད་ཏེ། རྒྱུ་དེས་ན་མྱི་རྣམས་ཞེས་བྱའོ།། ཅིའི་ཕྱིར་ལྷ་རྣམས་ཞེས་བྱ་ཞེ་ན། སྨྲས་པ། འབར་བའི་ཕྱིར་ན་ལྷ
207a8 ནས་ཞེས་བྱའོ།། གཞན་ཡང་འགྲོ་བ་རྣམས་དང་། སྐྱེ་བ་རྣམས་དང་། སུས་ཐོབ་པ་རྣམས་ཀྱི་མཆོག་ཡོན་པས་ན། ལྷ་རྣམས་ཞེས་བྱའོ།། ཅིའི་ཕྱིར་མཐོལ་རིས་ནས་ཞེས་བྱ་ཞེ་ན། སྨྲས་པ། སེཾས་ཅན་དེ
207a9 བདེ་བ་དང་ལྡན་ཞིང་སྒྱིད་ལ་གནོད་པ་མྱེད་ཅིང་གནོད་པ་མྱེད་པའི་ཆོས་དང་ལྡན་ཏེ། བདེ་བ་དང་ཡིད་བདེ་བ་མཆོག་དང་གནོད་པ་མྱེད་པའི་བདེ་བ་དང་། བདེ་བའི་ཚོར་བ་དང་ལྡན་པ་ན་མཐོལ་རིས་ཞེས་བྱའོ།། ཅིའི་ཕྱིར་ལྷའི་བུ་མོ




iiif viewer powered by OpenSeadragon

206b - 207b

Texts on this page

Ng12.4 - rgyu gdags pa