| e-texts navigator |
| Wylie |
206b1 པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་པ་ན་སོན་པ་ནས་སྐྱེས་སོ།། རྐང་པ་གཡོན་པ་ནས་སྐྱེས་སོ་ཞེས་ཟེར་ནས། མྱིང་ཉེས་མཛེས་ཉེ་མཛེས་ཞེས་བྱ་བར་གྱུར་ད་ཏོ།། བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང
206b2 མཐུ་ཆེ་བར་གྱུར་ཏེ། དེས་ཀྱང་གླིང་གཉིས་སུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་ཉེ་མཛེས་ཀྱི་རྐང་པའི་སྟེང་ཀྱི་བོལ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བས་ཀྱི་འདལ་བ་འམ། རས་བལ་གྱི་འདའ
206b3 ལྟ་བུང་འཇམ་ཞི་བཞིན་ཏུ་འཇས་ལ་གནོད་པ་ཅུང་ཟད་ཀྱང་མྱེད་པ་ཞིག་བྱུང་སྟེ། དེ་སྦྱིན་ཏེ་བཅོས་པ་ལམ་བྱས་པ་གཟུགས་འབང་ཞིང་ལྡན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་པ་གཉིས་ཀྱིས་བརྒྱན་པ།
206b4 ག་སྐྱེས་ཏེ། རྐང་པའི་སྟེང་ཀྱི་བོས་ནས་སྐྱེས་སོ།། རྐང་པའི་སྟེ་རྒྱོ་བོལ་ནས་སྐྱེས་སོ་ཞེས་ཟེར་ནས། མྱིང་མཛེས་ལྡན་ཞེས་མཛེས་ལྡན་ཞེས་བྱ་བར་གྱུར་ཏོ།། བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ།
206b5 གྱུར་ནས། དེས་ཀྱང་གླིང་གཅིག་ཏུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དང་། ད་བྱས་པ་ལྟ་བུ་དང་། དཔེར་ན། རྒྱལ་པོ་མཛེས་ལྡན་གྱི་རྐང་པའི་འོ་ཀ་གི་མཐིལ་ནས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འདའ་བ་འམ
206b6 རས་བལ་གྱི་འདའ་མ་ལྟ་བུར་འཇམ་ཞིང་ཤི་ནད་ཏུ་འཇལ། གནོད་པ་ཅུང་ཟད་ཀྱང་མྱེད་པ་ཞིག་བྱུང་སྟེ། དེ་སྦྱིན་ཏེ་བརྟོལ་བ་ལས་བྱིས་པ་ཀ་ཟུགས་བཟང་ཞིང་བལྟན་སུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི
206b7 མཚན་སུམ་བཅུ་ལ་གཉིས་ཀྱིས་བརྒྱན་པ་ཞིག་སྐྱེས་ཏེ། རྐང་པའི་འོག་གི་མཐིལ་ནས་སྐྱེས་སོ།། རྐང་པའི་འོག་གི་མ་ཐིལ་ནས་སྐྱེས་སོ་ཞེས་ཟེར་ནས། མྱིང་མཛེས་ཅན་མཛེས་ཅན་ཞེས་བྱ་བར་གྱུར་ཏོ།། བྱིས་པ་དེ
206b8 འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏོ།། དེས་ཀྱང་འཛམ་བུའི་གླིང་དུ་རྒྱལ་སྲེད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་ཡངས་པ་ཅན་ན་མྱིང་ཆེན་གྱི་སྐྱེད་མོས་ཚལ་དུ་ཤིང་ཨ་མྲ་ལས། བུ་མོ་གཟུགས་བཟང་ཞིང
206b9 ན་སྡུག་ལ་མཛེས་པ་ཞིག་སྐྱེས་ཏེ། མྱིང་ཨ་མྲས་བསྐྱོང་མ་ཞེས་བྱ་བར་གྱུར་ནས། བུ་མོ་དོ་ཡང་ཚོགས་ཀྱིས་ཚོགས་ཀྱི་ཁྱད་པ་བྱས་པ་ལྟ་བུའོ།། དེ་ལ་གསོགས་པ་གཞན་དག་ཀྱང་བརྗོད་པར་བྱ་སྟེ། དེ་ལྟར་ན