| e-texts navigator |
| Wylie |
206a1 དུས་གཞིག་ན་སྐྱེས་ཤིང་དབང་པོ་རྣམས་ཡོངས་སུ་སྨྱིན་པར་གྱུར་ད་ན། སྔོན་མ་ཐོས་པར་ཚིགས་སུ་བཅད་པ་འདི་ལྟ་བུ་ཞིག་དྲན་ཏེ་སྨྲས་པ། ཆོས་རྣམས་གང་ནས་རྟོག་པར་བྱེད།། ལམ་ནི་ཀེང་ནས་ལྡོག་པར
206a2 འགྱུར།། བདེ་དང་སྡུག་བསྔལ་འཇིག་རྟེན་ན།། གང་དུ་མ་ལུས་འགག་པར་འགྱུར།། ཞེས་སྨྲས་སོ།། དེ་ནས་བྲམ་ཟེའི་ཁྱེའུ་གཅམ་བུ་མུ་ཅོར་སྨྲ་བ། སྤྱི་བརྟོལ་ཅན་ཞིག་གིས་བུ་མོ་དེ་ལ་འདི་སྐད་དུ་བུ་མོ་དེ་ལ་ཅི་ཡང
206a3 མ་ཡིན་པ་ཞིག་གོ་ཞེས་སྨྲས་ཏེ། དེ་སྐད་སྨྲས་པ་དང་། བུ་མོ་དེ་ནི་ཅི་ཡང་མྱེད་པའི་སྐྱེ་མཆེད་ལ་སྙོམས་པར་ཞུགས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་གསོལ་སྐྱོང་འཕགས་ཀྱི་སྤྱི་བོ་ནས་ཟོར་བུ་འདི་ལྟ་སྟེ། ཤིང་བལ་ལམ་རས་བལ་ལྟ
206a4 བུར་འཇམ་ཞིང་ཤི་ནད་ཏུ་འཇམ་ལ། གནོད་པ་ཅུང་ཟད་ཀྱང་མྱེད་པ་ཞིག་བྱུང་སྟེ། དེ་སྦྱིན་ཏེ་བརྟོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྟུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ
206a5 ཞིག་སྐྱེས་སྟེ། སྤྱི་བོ་ནས་སྐྱེས་སོ།། སྤྱི་བོ་ནས་སྐྱེས་སོ་ཞེས་ཟེར་ནས། མྱི་པ་ལས་ནུ་པ་ལས་ནུ་ཞེས་བྱ་བར་གྱུར་ད་ཏོ།། བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ད་ཏེ། དེས་ཀྱང་བླིང་བཞིར་རྒྱལ
206a6 སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་པ་ལ་ས་ནུས་བླ་གཡས་པ་ལས་ཐོར་བུ་འདི་ལྟ་སྟེ། ཤིང་བལ་ལམ་རས་བལ་ལྟ་བུར་འཇམ་ལ།། ཅུང་ཟད་ཀྱང་གནོད་པ་མྱེད་པ་ཞིག་བྱུང་སྟེ
206a7 དེ་སྦྱིན་ཏེ་བརྟོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན་པོའི་མཚན་སུམ་བཅུ་རྩ་གཉིས་ཀྱིས་བརྒྱན་པ་ཞིག་སྟེ། རྐང་པ་གཡས་པ་ནས་སྐྱེས་སོ།། རྐང་པ་གཡས་པ་ནས་སྐྱེས་སོ་ཞེས་ཟེར
206a8 ནས། མྱིང་མཛེས་པ་མཛེས་པ་ཞེས་བྱ་བར་གྱུར་ཏོ།། བྱིས་པ་དེ་རྫུ་འཕྲུལ་ཆེ་ཞིང་མཐུ་ཆེན་པོར་གྱུར་ཏོ།། དེས་ཀྱང་གླིང་གསུམ་དུ་རྒྱལ་སྲིད་ཀྱི་དབང་ཕྱུག་ལ་དབང་བྱས་པ་ལྟ་བུ་དང་། དཔེར་ན་རྒྱལ་པོ་མཛེས་པའི་བླ་གཡོན་པ
206a9 ཐོར་བུ་འདི་ལྟ་སྟེ། ཤིང་བལ་གྱི་འམ་རས་བལ་ལྟ་བུར་འཇམ་ཞིང་ཞི་ནད་ཏུ་འཇམ་ལ། ཅུང་ཟད་ཀྱང་གནོད་པ་མྱེད་པ་ཞིག་བྱུང་སྟེ། དེ་སྦྱིན་ཏེ་བརྟོལ་ཡ་ཡས་བྱིས་པ་གཟུགས་བཟང་ཞིང་བསྟ་ན་སྡུག་ལ་མཛེས་པ། སྐྱེས་བུ་ཆེན