| e-texts navigator |
| Wylie |
205b1 བཟུང་སྟེ། དེ་དག་དེ་དང་ལྷན་ཅིག་ཏུ་ཚོགས་ནས། དེ་དག་དཔའཚོས་པའི་རྐྱེན་ཀྱིས་སྒོ་ང་གཉིས་བྱུང་སྟེ། དེ་གཉིས་སྦྱིན་ཏེ་བརྟོལ་བ་ལས། བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་གཉིས་བྱུང་ནས། བཅོམ་ལྡན་འདས
205b2 ཀྱི་བསྟན་པ་ལ་རབ་ཏུ་བྱུང་སྟེ། དེ་གཉིས་ཀྱིས་བརྩོན་པ་དང་། སྦྱོར་བ་འབད་པར་བྱས་པས།། མཆོག་གི་འབྲས་བུ་དགྲ་བཅོམ་པ་ཉིད་མངོན་སུམ་དུ་བྱས་ཏེ། ཚེ་དང་ལྡན་པ་དེ་དག་ཉིས་རྩ་འཕྲུལ་ཆེ་ཞིང་མཐུ་ཆེ་བར་གྱུར་ཏེ། བྲག་དང་།
205b3 ཉེའི་བྲག་ཅེས་བྱ་བར་གྱུར་པ་སྟ་བུ་དང་། དཔེར་ན་ཡི་དགས་འདྲེམ་ས་ཀ་ལས་སྒོ་བསུམ་བཅུ་རྩ་གཉིས་འབྱུང་སྟེ། དེ་དག་སྦྱིན་ཏེ་བརྟོལ་བ་ལས་བྱིས་པ་གཟུགས་བཟང་ཞིང་བལྟན་མཛེས་པ།། ཚན་པོ་ཆེ་ཆེན་པོ་སྟོབས་དང
205b4 ལྡར་བ་སུམ་བཅུ་རྩ་གཉིས་བྱུང་སྟེ། དེ་དག་གིས་ཉེས་པ་འགའ་ཞིག། བྱས་པའི་ཕྱིར། ཀོ་ས་ལྔའི་རྒྱལ་ལོགས་ལ་རྒྱལ་སྲེག་པས་བསད་པ་ཀུ་བུ་དང་། དཔེར་ན་འདས་པའི་དུས་སུ་ལྔ་ལེན་གྱི་རྒྱལ་པོའི་བཙུན་མོ
205b5 པད་མ་ཅན་ལས་སྐོང་ལྔ་བརྒྱ་བྱུང་སྟེ། དེ་དག་སྦྱིན་ཏེ་བརྟོལ་བ་ལ། ས་བྱིས་པ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ། ཚན་པོ་ཆེཆེན་པོ་སྟོབས་དང་ལྡན་པ་ལྔ་བརྒྱ་བྱུང་སྟེ། དེ་དག་འགའ་ཞིག་ལས
205b6 སྨྱོ་བི་སྐྱེས་ནས་སྒྲ་དཔའ་སྤུ་བྲེགས་ཏེ་རབ་ཏུ་བྱུང་ནས། དེ་དག་པམ་པ་དང་སྐྱོར་པ་དང་། འབད་པས་རང་སངས་རྒྱས་ཀྱི་བྱང་ཆུབ་མངོན་པ་ར་སངས་རྒྱས་པ་ལྟ་བུའོ།། དེ་དག་ལ་སོཚོགས་པ་གཞན་དག་ཀྱང
205b7 བརྗོད་པར་བྱ་སྟེ། དེ་ལྟར་ན་གྱི་རྣམས་ལས་སྒོ་ང་ལས་སྐྱེ་བའི་གནས་ཡོད་དོ།། མྱི་རྣམས་ལ་མངལ་ནས་སྐྱེ་བའི་སྐྱེ་གནས་ཇི་ལྟར་ཡོད་ཅེ་ན། སྤྲས་པ། ད་ཀར་གྱི་མྱི་རྣམས་ཇི་ལྟ་བ་བཞིན་ཏེ། དེ་ལྟར་ན་མྱི་རྣམས་ལ་མངལ་ཏྲ
205b8 སྐྱེ་བའི་སྐྱེ་གནས་ཡོད་དོ།། མྱི་རྣམས་ལ་དྲོད་གཤེར་ལས་སྐྱེ་བའི་གནས་ཅི་ལྟར་ཡོད་ཅེ་ན། སྨྲས་པ། དཔེར་ན། རྒྱལ་པོ་ཚངས་པས་སྦྱིན་གྱི་བྲང་ནས་ཐོར་བུ་འདི་ལྟ་སྟེ། ཟིལལ་གྱི་འདབ་མ་འམ། རས་ཕལ་གྱི་འདབ་མ་ཧཱ།
205b9 བུར་འཇམ་ཞིང་ཤི་ནད་ཏུ་འཇམ་ལ། གནོད་པ་ཅུང་ཟད་ཀྱང་མྱེད་པ་ཞིག་བྱུང་སྟེ། དེ་དག་སྦྱིན་ཏེ་བརྟོལ་བ་ལས། བུ་མོ་གཟུགས་བཟང་ཞིང་བལྟ་ན་སྡུག་ལ་མཛེས་པ་ཞིག་སྐྱེས་ཏེ། ཕུག་རོན་འཕྲེང་ལྡན་ཞེས་བྱ་བར་གྱུར་ད་ནས།